རྟ་ཐང་རྫོང་གིས་ཐབས་བརྒྱ་ཇུས་སྟོང་སྒོས་ཁེ་ལས་ཀྱི་དཀའ་ཁག་སེལ་རོགས་བྱས་ནས་དཔལ་འབྱོར་གནས་བབ་བརྟན་འཇགས་སུ་བཏང་།
2022.12.21 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 22

ད་ལོར། རིམས་ནད་སོགས་སྔོན་དཔག་དུས་སྐབས་ལས་བརྒལ་བའི་རྒྱུ་རྐྱེན་དང་རྙོག་འཛིང་ཆེ་བའི་དཔལ་འབྱོར་གནས་བབ་ཀྱི་མདུན་དུ། རྟ་ཐང་རྫོང་གིས་ཐབས་བརྒྱ་ཇུས་སྟོང་སྒོས་བྱེད་ཐབས་སྣ་ཚོགས་སྤྱད་དེ། དཀའ་ཁག་ཆེ་བའི་ཁེ་ལས་ལ་རོགས་སྐྱོར་བྱེད་ཤུགས་ཇེ་ཆེར་བཏང་བ་དང་། ཁེ་ལས་ཀྱི་དངུལ་བསྡུ་དཀའ་གནད་ཐག་བཅད་ནས། དཔལ་འབྱོར་སྔར་ལས་བརྟན་འཇགས་ངང་འཕར་བར་སྐུལ་འདེད་བཏང་།

རྟ་ཐང་རྫོང་ནོར་སྲིད་ལས་ཁུངས་ཀྱིས་ཧུར་ཐག་སྒོས་ཁེ་ལས་འབྲིང་ཆུང་གི་འཕེལ་རྒྱས་ལ་རོགས་སྐྱོར་བྱེད་པའི་ཆེད་སྤྱོད་མ་དངུལ་བརྩོན་ལེན་བྱས་པ་དང་། སྲིད་གཞུང་དང་དངུལ་ཁང་། ཁེ་ལས་བཅས་ཀྱིས་མཐུན་སྦྱོར་བྱེད་པའི་ཤུགས་ཚད་ཇེ་ཆེར་བཏང་ནས། ཁེ་ལས་འབྲིང་ཆུང་གིས་དངུལ་བསྡུ་དཀའ་བའི་གནད་དོན་ཐག་གཅོད་པར་རོགས་རམ་བྱས། པེ་ཁྲོན་བཟོ་ལས་ས་ཁུལ་དོ་དམ་ཨུ་ཡོན་ལྷན་ཁང་དང་རྟ་ཐང་རྫོང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་དམིགས་ཡུལ་ཡོད་པའི་སྒོ་ནས་ཁེ་ལས་འབྲིང་ཆུང་གི་དངུལ་བསྡུའི་འབྲེལ་མཐུད་ཚོགས་འདུ་ཐེངས་གཉིས་ལ་བསྡུས་པ་དང་། ཚོགས་འདུར་ཞུགས་པའི་ཁེ་ལས་སོ་གཉིས་རྩ་འཛུགས་བྱས་ནས། ཡུལ་དངོས་ནས་དངུལ་བསྡུའི་གྲོས་མཐུན་བཅུ་བཞི་བཀོད། སྲོལ་རྒྱུན་གྱི་ཡིད་རྟོན་དངུལ་བུན་རྣམ་པ་བསྒྱུར་ཏེ། དངུལ་རྩའི་ལས་ཁུངས་ཀྱིས་རང་འགུལ་སྒོས་པེ་ཁྲོན་བཟོ་ལས་ས་ཁུལ་དང་རྟ་ཐང་རྫོང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། རྟ་ཐང་ཁྲལ་དོན་ཅུའུ་བཅས་དང་མཉམ་འབྲེལ་བྱས་ཏེ་སྲིད་ཇུས་བརྗོད་པ་དང་ཞབས་འདེགས་ཞུ་བ། དར་སྤེལ་བྱེད་པར་སྐུལ་འདེད་གཏོང་བ། བརྟན་འཇགས་འགན་སྲུང་བྱེད་པ་བཅས་བརྗོད་དོན་ཡིན་པའི་བྱ་འགུལ་སྤེལ་བ་དང་། ཡུལ་དངོས་ལ་སོང་ནས་གནས་ཚུལ་ལ་རྒྱུས་ལོན་བྱས་པར་མ་ཟད་ཁེ་ལས་ཀྱི་ཏང་ཀྲི་པུའུ་དང་ཉམས་མྱོང་བརྗེ་རེས་བྱས་པ་དང་། ཁེ་ལས་ཀྱི་བདག་གཉེར་གནས་ཚུལ་ལ་ཞིབ་བཤེར་བྱས་ཤིང་། དངུལ་བསྡུའི་དགོས་མཁོ་དང་འབྲེལ་མཐུད་བྱས། ད་ལོའི་ཟླ་བཅུ་བའི་ཟླ་མཇུག་བར་དུ། དངུལ་རྩ་ལས་ཁུངས་སོ་སོས་ཁེ་ལས་ཆུང་བར་མ་དངུལ་སྒོར་ཐེར་འབུམ་གསུམ་ལྷག་བསྐྱིས་པས། ད་ལོའི་ལོ་སྟོད་ལས་བརྒྱ་ཆའི་བཅོ་བརྒྱད་ལྷག་འཕར་སྣོན་བྱུང་བ་དང་། ཀུན་ཕན་ཁེ་ལས་ཆུང་བར་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་གཉིས་ལྷག་བསྐྱིས་པས་ད་ལོའི་ལོ་སྟོད་ལས་བརྒྱ་ཆའི་བརྒྱད་དང་གྲངས་ཆུང་གསུམ་བཞི་འཕར་སྣོན་བྱུང་།

                                                                                                           བཀྲ་ཤིས་འབུམ་གྱིས་བསྒྱུར།