མཚོ་སྔོན་ཁུལ་ཁོངས་ཀྱི་གསར་གཏོད་ནུས་པ་མངོན་གསལ་སྒོས་ཇེ་ཆེར་སོང་ནས་རྒྱལ་ཁབ་འཐབ་ཇུས་ཚན་རྩལ་སྟོབས་ཤུགས་ཀྱི་ཟབ་ཞུགས་པ་གཙོ་བོར་གྱུར།
2022.12.21 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 16

ཟླ་བཅུ་གཉིས་པའི་ཚེས་བཅུ་གཅིག་ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཚན་རིག་ལག་རྩལ་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཉེ་ལམ་ཉིས་སྟོང་ཉེར་གཉིས་ལོའི་ཀྲུང་གོའི་ཁུལ་ཁོངས་ཚན་རྩལ་གསར་གཏོད་གདེང་འཇོག་སྙན་ཞུ་དངཉིས་སྟོང་ཉེར་གཉིས་ལོའི་ཀྲུང་གོའི་ཁུལ་ཁོངས་གསར་གཏོད་ནུས་པའི་གདེང་འཇོག་སྙན་ཞུ་ཁྱབ་བསྒྲགས་བྱས། གཞི་གྲངས་ལས་མངོན་པ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱི་ཉིས་སྟོང་ཉེར་གཉིས་ལོའི་ཚན་རྩལ་གསར་གཏོད་གོམ་སྟབས་ཇེ་མགྱོགས་སུ་སོང་བ་དང་། གསར་གཏོད་མ་ལག་སྔར་ལས་ཇེ་བཟང་དུ་སོང་ལ། གསར་གཏོད་རྒྱུ་རྐྱེན་སྔར་ལས་འཐུས་ཚང་དུ་སོང་བ་དང་། ཁུལ་ཁོངས་གསར་གཏོད་ནུས་པ་མངོན་གསལ་སྒོས་ཇེ་ཆེར་སོང་ནས། རྒྱལ་ཁབ་འཐབ་ཇུས་ཚན་རྩལ་སྟོབས་ཤུགས་ཀྱི་ཟབ་ཞུགས་པ་གལ་ཆེན་དུ་གྱུར་ཡོད།

ཉེ་བའི་ལོ་འགའི་རིང་ལ། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཚན་རྩལ་གསར་གཏོད་བྱ་བར་ཧ་ཅང་མཐོང་ཆེན་བྱས་པ་དང་། ཞིང་ཆེན་ཚན་རྩལ་སྒྲིག་གཞི་བཅོས་སྒྱུར་དང་གསར་གཏོད་མ་ལག་འཛུགས་སྐྲུན་བྱ་བའི་མགོ་ཁྲིད་ཚན་ཆུང་བཙུགས་ནས། རྩེ་རིམ་ཇུས་འགོད་གོ་གནས་མཐོ་བའི་སྒོ་ནས་སྤེལ་བ་དང་། ཞིང་ཆེན་ཡོངས་ཀྱི་ཐོན་ཁུངས་ལ་གཅིག་འདོམས་བྱས་ཏེ། གསར་གཏོད་རང་བཞིན་གྱི་མཚོ་སྔོན་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱས། རང་ཞིང་གི་ཚན་རྩལ་དངོས་ཤུགས་དེ་གྲངས་ཚད་ཀྱི་བསྡུ་གསོག་ནས་སྤུས་ཚད་ཀྱི་མཆོང་བརྒལ་ཕྱོགས་སུ་བསྐྱོད་པ་དང་། གནས་ཀྱི་ཐོད་བརྒལ་ནས་མ་ལག་ནུས་པ་མཐོར་འདེགས་གཏོང་བའི་ཕྱོགས་སུ་བསྒྱུར་ཞིང་། ཚན་རྩལ་གསར་གཏོད་ཀྱིས་དཔལ་འབྱོར་འཕེལ་རྒྱས་ལ་འདེགས་སྐྱོར་དང་སྣེ་ཁྲིད་བྱེད་པའི་རྨང་གཞི་རྒྱུན་མ་ཆད་པར་ཇེ་བརྟན་དུ་བཏང་ལ། ནུས་པ་རྒྱུན་མ་ཆད་པར་ཇེ་དྲག་ཏུ་སོང་། ཀྲུང་གོའི་ཉིས་སྟོང་ཉེར་གཉིས་ལོའི་ཁུལ་ཁོངས་ཚན་རྩལ་གསར་གཏོད་གདེང་འཇོག་སྙན་ཞུ་ལས་མངོན་པ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱི་ཕྱོགས་བསྡུས་ཚན་རྩལ་གསར་གཏོད་ཆུ་ཚད་ཨང་ཉེར་བརྒྱད་པར་སླེབས་ནས། སྐས་རིམ་གསུམ་པའི་གསར་གཏོད་རྗེས་སྙེག་ས་ཁུལ་དུ་གནས་ན་ཡང་། ཐོབ་སྐར་དེ་ལོ་བཅུའི་རིང་ལ་སྐར་མ་བརྒྱད་དང་གྲངས་ཆུང་བཞི་གཅིག་གིས་ཇེ་མཐོར་སོང་ནས། སྐར་མ་ཞེ་དགུ་དང་གྲངས་ཆུང་ཐིག་དགུ་ལ་སླེབས་པ་དང་། རྒྱལ་ཡོངས་ཕྱོགས་བསྡུས་ཚན་རྩལ་གསར་གཏོད་ཀྱི་ཆུ་ཚད་སྐས་རིམ་གཉིས་པའི་ཁྲོད་ཞུགས་པའི་བར་ཐག་ཇེ་ཉེ་རུ་སོང་། དེ་དང་མཉམ་དུ། ཀྲུང་གོའི་ཉིས་སྟོང་ཉེར་གཉིས་ལོའི་ཁུལ་ཁོངས་གསར་གཏོད་ནུས་པའི་གདེང་འཇོག་སྙན་ཞུ་ལས་མངོན་པ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱི་མིང་རིམ་དེ་ལོ་སྔོན་མ་དང་བསྡུར་ན་ཇེ་མཐོར་སོང་བ་དང་། མཐོར་འདེགས་ཚད་རྒྱལ་ཡོངས་ཀྱི་གོ་གནས་གཉིས་པར་སླེབས་ལ། རྒྱལ་ཡོངས་ཀྱི་ཞིངཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་སོ་གཅིག་གི་ཁུལ་ཁོངས་གསར་གཏོད་ནུས་པའི་ཕྱོགས་བསྡུས་མིང་རིམ་ཁྲོད་ནས་ཨང་ཉེར་གཅིག་པར་སླེབས་པ་དང་། ནུབ་བྱང་གི་ཞིང་ཆེན་དང་རང་སྐྱོང་ལྗོངས་ཁྲོད་ནས་མིང་རིམ་ཨང་གཉིས་པར་སླེབས། རིམ་པ་དང་པོའི་དམིགས་ཚད་ཁྲོད། རང་ཞིང་གི་ཁོར་ཡུག་གསར་གཏོད་ཕྱོགས་བསྡུས་དམིགས་ཚད་ཁྲོད་ཀྱི་མིང་རིམ་རྒྱལ་ཡོངས་ཀྱི་ཨང་རིམ་བཅུ་གཅིག་པ་ཟིན་པ་དང་། རིམ་པ་གཉིས་པའི་དམིགས་ཚད་ཁྲོད། ཞིབ་སྤེལ་མི་སྣ་ཁྲི་རེའི་གསར་གཏོད་ཆེད་ཁེ་དབང་སྤྲོད་གྲངས་ཚད་དང་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་ཆ་སྙོམས་ཀྱི་རྒྱལ་ནང་གི་ལག་རྩལ་ཉོ་ཚང་དངུལ་ཚད། གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཞིབ་སྤེལ་གྲོན་དངུལ་ཕྱི་ཕྱོགས་འགྲོ་སོང་སོགས་ཀྱི་དམིགས་ཚད་མིང་རིམ་རྒྱལ་ཡོངས་ཀྱི་མདུན་གྲས་སུ་སླེབས་ལ། རང་ཞིང་གི་ཚན་རིག་ཞིབ་འཇུག་དཔྱད་རྩོམ་དང་ཁེ་ལས་ཇུས་འགོད་ནུས་པ། རྨང་གཞི་སྒྲིག་ཆས་གསར་གཏོད། དངུལ་རྩའི་ཁོར་ཁུལ་བཅས་ཕྱོགས་བསྡུས་དམིགས་ཚད་སྣ་བཞི་རྒྱལ་ཡོངས་ཀྱི་ཨང་རིམ་བཅུ་པར་སླེབས་པ་དང་། ཆེད་ཁེ་དང་ཚན་རིག་ཞིབ་འཇུག་དཔྱད་རྩོམ། ཚན་རྩལ་མཉམ་ལས་སོགས་ཕྱོགས་ཀྱི་ལས་ཆོད་དམིགས་ཚད་ཀྱི་མིང་རིམ་མངོན་གསལ་སྒོས་ཇེ་མཐོར་སོང་།

ཀྲུང་གོའི་ཉིས་སྟོང་ཉེར་གཉིས་ལོའི་ཁུལ་ཁོངས་གསར་གཏོད་ནུས་པའི་གདེང་འཇོག་སྙན་ཞུ་ལས་བསྟན་དོན། ཉེ་བའི་ལོ་འགའི་རིང་ལ། མཚོ་སྔོན་ཞིང་ཆེན་གྱིས་ཐོན་ཁུངས་དགེ་མཚན་ལ་རྐང་བཙུགས་པ་དང་། རང་འགུལ་གྱིས་རྒྱལ་ཁབ་ཀྱི་འཐབ་ཇུས་ལ་སྦྲེལ་མཐུད་བྱས་པས། རྨང་གཞི་ཞིབ་འཇུག་དང་ཁྱད་ལྡན་དགེ་མཚན་ཁྱབ་ཁོངས་ཀྱི་གནད་འགག་ལག་རྩལ་ཐད་ནས་གྲུབ་འབྲས་གཡུར་དུ་ཟ་བ་བླངས་པ་དང་། རྒྱལ་ཁབ་འཐབ་ཇུས་ཚན་རྩལ་གསར་གཏོད་འགོ་ཁུངས་ལ་ཞབས་འདེགས་ཞུ་བའི་ནུས་པ་མངོན་གསལ་སྒོས་ཇེ་དྲག་ཏུ་སོང་། མ་འོངས་པར། མཚོ་སྔོན་ཞིང་ཆེན་གྱིས་མུ་མཐུད་དུ་མདོ་དབུས་མཐོ་སྒང་གི་དཔེ་མཚོན་སྐྱེ་ཁམས་མ་ལག་རྒྱུན་འཁྱོངས་དང་ཉམས་གསོ། ཐཱན་རྩེར་སོན་དང་ཐཱན་སྙོམས་སྦྱོར་སོགས་ཁྱབ་ཁོངས་ཀྱི་གནད་འགག་ལག་རྩལ་འགག་གཏོར་ལ་དམིགས་ནས། ཚྭ་མཚོའི་ཐོན་ཁུངས་སྲུང་སྐྱོབ་བེད་སྤྱོད་དང་ལྗང་མདོག་ནུས་གསོག སྐྱེ་ཁམས་ཞིང་ཕྱུགས་ལས་སོགས་རྒྱལ་ཁབ་གཙོ་གནད་གསར་གཏོད་སྟེགས་བུ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་ནས། ཚན་རྩལ་གསར་གཏོད་ཀྱི་རྨང་གཞི་ནུས་པ་རྒྱུན་མ་ཆད་པར་ཇེ་དྲག་ཏུ་གཏོང་འོས།