མཚོ་སྔོན་གྱིས་རྒྱུན་མཐུད་ངང་ཚོང་རའི་ལྟ་སྐུལ་དོ་དམ་ཁྱབ་ཁོངས་ཀྱི་ཚོང་གཉེར་ཁོར་ཡུག་ལེགས་བསྒྱུར་བྱས།
2022.12.21 ཁུངས། ཀློག་གྲངས། 18

གསར་གཏོད་སྔོན་ཐོན་དཔེ་མཚོན་དཔེ་སྟོན་གྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། ཚོང་ར་ཅན་དང་ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན། སྟབས་བདེ་ཅན་གྱི་ཚོང་གཉེར་ཁོར་ཡུག་བཟང་བོ་བསྐྲུན་ཆེད། ཉེ་ལམ། མཚོ་སྔོན་ཞིང་ཆེན་ཚོང་རའི་ལྟ་སྐུལ་དོ་དམ་ཅུའུ་ཡིས་མཚོ་སྔོན་ཞིང་ཆེན་གྱི་ཚོང་གཉེར་ཁོར་ཡུག་གསར་གཏོད་ཚོད་ལྟའི་བཅོས་བསྒྱུར་བྱེད་ཐབས་བསྐྱར་བཀོལ་ཁྱབ་གདལ་བྱེད་པའི་བྱ་བའི་ཇུས་གཞི་ཚད་གཞིར་བཟུང་བ་དང་། ཚོང་རའི་ལྟ་སྐུལ་དོ་དམ་འགན་འཁྲི་ལ་ཟུང་འབྲེལ་བྱས་ནས་བསྐྱར་བཀོལ་ཁྱབ་གདལ་བྱེད་ཐབས་བཅོ་ལྔ་གཏན་ཁེལ་བྱས་པར་མ་ཟད་ལས་འགན་བགོ་བཤའི་རྩིས་ཐོན་གཏན་འབེབས་བྱས་ཏེ། རང་འགུལ་གྱིས་སྔོན་ཐོན་ཚད་གཞིར་བྱས་པ་དང་། སློབ་སྦྱོང་དང་དཔེ་ལྟ་བྱེད་པར་ཤུགས་བསྣན་ནས། ཚོང་རའི་ལྟ་སྐུལ་དོ་དམ་ཁྱབ་ཁོངས་ཀྱི་ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ངང་ཇེ་ལེགས་སུ་བཏང་།

རང་ཞིང་གིས་ཁེ་ལས་ཀྱིས་དྲ་གཅིག་ཡོངས་བསྒྲུབས་ལས་སྒོའི་ཁྱབ་ཁོངས་རྒྱ་སྐྱེད་པ་བརྒྱུད་དེ། ཁེ་ལས་ཀྱི་སྡོད་ཁང་དང་ཚོང་གཉེར་ཡུལ་གནས་ཀྱི་ཚད་གཞི་ཅན་གྱི་ཐོ་འགོད་ལག་བསྟར་བྱས་ལ། འཛིན་ཡིག་གཅིག་ལ་བརྟེན་ནས་ཚོང་གཉེར་ཡུལ་གནས་མང་པོ་འཛུགས་པར་བཅོས་བསྒྱུར་བྱས་པ་དང་། ཁེ་ལས་ཀྱི་ཐོ་འགོད་ཆ་འཕྲིན་དྲ་ཐོག་ནས་བསྒྱུར་བཅོས་བྱས་ཤིང་། ཁེ་ལས་ཀྱིས་དངུལ་ཁང་ནས་རྩིས་ཐོ་འཛུགས་པར་སྟབས་བདེ་བསྐྲུན་པ་དང་། གློག་རྡུལ་འཛིན་ཡིག་བཀོལ་སྤྱོད་ཁྱབ་ཁོངས་རྒྱ་སྐྱེད་ལ། ཞིབ་དཔྱད་ལྟ་ཞིབ་སྡེ་ཁག་གི་མི་སྣའི་ཆ་འཕྲིན་བསྒྱུར་བཅོས་འགྲོ་ལུགས་བསྒྲུབ་པའི་གོ་རིམ་སོགས་ཀྱི་ཚོད་ལྟ་བྱེད་ཐབས་སྟབས་བདེ་རུ་བསྒྱུར་ནས། རང་ཞིང་གི་ཚོང་རའི་ནང་འཇུག་ཡོངས་བསྒྲགས་དང་ལས་སྒྲུབ་སྟབས་བདེ་ཚད་རྒྱུན་མ་ཆད་པར་མཐོར་འདེགས་བཏང་། དེ་མ་ཟད་ས་གནས་ཀྱི་སྲུང་སྐྱོབ་མེད་པར་བཟོས་པ་དང་། ཤེས་བྱ་བའི་ཐོན་དབང་གི་བཀོལ་སྤྱོད་སྲུང་སྐྱོབ་ལ་ཤུགས་བསྣན་ལ། ལྟ་སྐུལ་དོ་དམ་ལ་སྔར་ལས་ཤུགས་སྣོན་པ་དང་གསར་གཏོད་བྱས།

གོ་རིམ་རྗེས་མར། མཚོ་སྔོན་ཞིང་ཆེན་གྱི་ཚོང་རའི་ལྟ་སྐུལ་དོ་དམ་ཅུའུ་ཡིས་བརྟན་བརླིང་ངང་བསྐྱར་བཀོལ་ཁྱབ་གདལ་བྱ་བ་སྤེལ་བ་དང་། མཐུན་སྦྱོར་ལྟ་སྐུལ་བྱེད་ཤུགས་རྒྱུན་མཐུད་ངང་ཇེ་ཆེར་གཏོང་བ། དུས་ཚོད་དང་དུས་རིམ་ལྟར་ལས་འགན་ཡོངས་འགྲུབ་བྱེད་པ། སྤུས་ལེགས་ཚོང་གཉེར་ཁོར་ཡུག་འཛུགས་སྐྲུན་བྱེད་པའི་དམིགས་འབེན་ལ་དམ་དུ་དམིགས་པ་དང་། ཚོང་རའི་གཙོ་གཞིའི་དགོས་མཁོ་གཞིར་བཟུང་ནས། རང་འགུལ་གྱིས་འབད་འཐབ་བྱེད་པ་དང་བསམ་ཕྱོགས་གསར་གཏོད་བྱེད་པ། མཚོ་སྔོན་གྱི་གནས་ཚུལ་དངོས་དང་མཐུན་པའི་བཅོས་བསྒྱུར་བྱེད་ཐབས་འཚོལ་ཞིབ་བྱས་ཏེ། ཚོང་རའི་ལྟ་སྐུལ་དོ་དམ་ཁྱབ་ཁོངས་ཀྱི་ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ངང་ཇེ་ལེགས་སུ་གཏོང་བར་སྐུལ་འདེད་གཏོང་རྒྱུ་རེད།

རིན་ཆེན་མཚོས་བསྒྱུར།