ཞིང་ཆེན་ཡོངས་ཀྱི་ལུགས་གསར་ལོ་སར་དང་ལུགས་རྙིང་ལོ་སར་སྐབས་ཀྱི་དམངས་ཚིས་ཚོང་རྫས་ཁྲོམ་རའི་རིན་གོང་དང་རིམས་འགོག་སྨན་རྫས་ཀྱི་སྤུས་ཚད་བདེ་འཇགས་ལྟ་སྐུལ་དོ་དམ་བྱ་བའི་ཆེད་དོན་འགུལ་སྐྱོད་སྤེལ་མགོ་བརྩམས།
ལུགས་གསར་ལོ་སར་དང་ལུགས་རྙིང་ལོ་སར་སྐབས་ཀྱི་ཞིང་ཆེན་ཡོངས་ཀྱི་ཁྲོམ་རའི་རིན་གོང་སྒྲིག་སྲོལ་སྔར་ལས་ཚད་ལྡན་དུ་གཏོང་ཆེད་དང་། རིམས་འགོག་སྨན་རྫས་ཀྱི་སྤུས་ཚད་བདེ་འཇགས་འགན་འཁྲི་ནན་མོ་བྱེད་པ། རྒྱ་ཆེའི་འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་ལ་དངོས་སུ་འགན་སྲུང་བྱེད་ཆེད། ཟླ་བཅུ་གཉིས་པའི་ཚེས་ཉེར་གཅིག་ཉིན། མཚོ་སྔོན་ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུའུ་ཡིས་ཉིས་སྟོང་ཉེར་གསུམ་ལོའི་ལུགས་གསར་ལོ་སར་དང་ལུགས་རྙིང་ལོ་སར་སྐབས་ཀྱི་ཞིང་ཆེན་ཡོངས་ཀྱི་ཁྲོམ་རའི་རིན་གོང་ལྟ་སྐུལ་ཞིབ་བཤེར་དང་རིམས་འགོག་སྨན་རྫས་ཀྱི་སྤུས་ཚད་བདེ་འཇགས་ཀྱི་ཆེད་དོན་འགུལ་སྐྱོད་ཕྱོགས་ཡོངས་ནས་སྤེལ་མགོ་བརྩམས་ཏེ། དུས་ཆེན་སྐབས་ཀྱི་ཁྲོམ་རའི་རིན་གོང་སྒྲིག་སྲོལ་ལ་ནུས་ཤུགས་ཡོད་དགུས་སྲུང་སྐྱོབ་དང་། རིམས་འགོག་སྨན་རྫས་ཀྱི་སྤུས་ཚད་བདེ་འཇགས་ལ་མཐའ་གཅིག་ཏུ་འགན་སྲུང་བྱས་ནས། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མང་ཚོགས་ཀྱིས་དུས་ཆེན་གཉིས་སྤྲོ་བས་རོལ་བར་དགའ་སྤྲོས་ཁེངས་པའི་རྣམ་པ་ཞིག་བསྐྲུན་རྒྱུ་རེད།
ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུའུ་ཡིས་དུས་སྐབས་སྔོན་མར་སྨན་རྫས་སོགས་རིམས་འགོག་དངོས་རྫས་ཁྲོམ་རའི་ལྟ་སྐུལ་ཞིབ་བཤེར་བྱ་བ་རྒྱུན་ཆད་མེད་པར་ཤུགས་དྲག་ཏུ་བཏང་བའི་རྨང་གཞིའི་སྟེང་། གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ་ཡང་བསྐྱར་ཕྱོགས་ཡོངས་ཀྱི་སྐུལ་སློང་བཀོད་སྒྲིག་བྱས་པ་དང་། རིམས་འགོག་དངོས་རྫས་ཁྲོམ་རའི་རིན་གོང་ལྟ་སྐུལ་དོ་དམ་བྱ་བ་སྔར་ལས་ཤུགས་དྲག་ཏུ་གཏོང་རྒྱུའི་སྐོར་གྱི་བྲེལ་མྱུར་བརྡ་སྦྱོར་དང་། ཉིས་སྟོང་ཉེར་གསུམ་ལོའི་ལུགས་གསར་ལོ་སར་དང་ལུགས་རྙིང་ལོ་སར་དུས་སྐབས་ཀྱི་ཁྲོམ་རའི་རིན་གོང་ལྟ་སྐུལ་ཞིབ་བཤེར་བྱ་བའི་ཆེད་དོན་འགུལ་སྐྱོད་སྐོར་གྱི་བརྡ་སྦྱོར་དཔར་ནས་བཀྲམ་ཏེ། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཁྲོམ་ར་ལྟ་སྐུལ་དོ་དམ་སྡེ་ཁག་གིས་ལུགས་གསར་ལོ་སར་དང་ལུགས་རྙིང་ལོ་སར་དུས་ཀྱི་ཁྲོམ་རའི་བྲིན་ཚོང་ཁྲོད་ཀྱི་མགོ་སྐོར་གཡོ་ལེན་སྐོར་གྱི་བྱ་སྤྱོད་གཙོར་བཟུང་ནས་དོ་སྣང་བྱེད་དགོས་པའི་བླང་བྱ་བཏོན།
དུས་མཉམ་དུ། སྨན་རྫས་ཁྲིད་སྟོན་ལས་རིགས་མཐུན་ཚོགས་ཀྱིས་གྲོས་མགོ་བཏོན་ཏེ། སྤྱི་ཚོགས་འགན་འཁྲི་རང་འགུལ་གྱིས་ལག་བསྟར་བྱེད་པ་དང་། སྨན་རྫས་མཁོ་འཚོང་ལམ་བུའི་དགེ་མཚན་འདོན་སྤེལ་གང་ལེགས་བྱེད་པ། དངོས་པོའི་ཐོན་ཁུངས་ལ་རྩ་འཛུགས་ཞིབ་མོ་བྱེད་པ། སྤུས་ཚད་དོ་དམ་ལ་ཤུགས་སྣོན་པ། སྨན་རྫས་དང་འབྲེལ་ཡོད་རིམས་འགོག་དངོས་རྫས་ཀྱི་མཁོ་འདོན་ལ་ནུས་ཤུགས་ཡོད་དགུས་འགན་སྲུང་བྱེད་པ་བཅས་བྱས་ཏེ། སྨན་རྫས་དང་འབྲེལ་ཡོད་རིམས་འགོག་དངོས་རྫས་ཀྱི་སྤུས་ཚད་བདེ་འཇགས་ལ་ཁག་ཐེག་བྱེད་དགོས། རིན་གོང་གསལ་བོར་འགོད་པ་ལག་བསྟར་ནན་མོ་བྱེད་པ་དང་། དོན་དངོས་ཡང་དག་དང་། གོང་རྟགས་གསལ་བོ། གསལ་བོར་བཀོད་པའི་རིན་གོང་ལས་གོང་ལྷག་དགོས་པའི་ཚོང་རྫས་ཕྱིར་འཚོང་མི་བྱེད་པ་། གཏན་ཁེལ་ཡང་དག་མིན་པའི་འགྲོ་སོང་གཏན་ནས་མི་གཏོང་བ་བཅས་བྱེད་དགོས། བདེ་འཇགས་ལུགས་མཐུན་གྱི་སྒོ་ནས་སྨན་བཀོལ་སྤྱོད་གཏོང་བར་སྐུལ་སློང་དང་། ཚན་རིག་འགོག་སྲུང་དང་། བདེ་འཇགས་ལུགས་མཐུན་གྱི་སྨན་བཀོལ་དྲིལ་སྒྲོག་བྱ་བར་ཤུགས་སྣོན་བྱེད་པ། སྨན་པའི་མངག་བཅོལ་དང་། སྨན་ཐོ་དང་གསལ་བཤད་ཡི་གེ་ལྟར་ནད་རྟགས་སྨན་བཅོས་བྱས་ཏེ། འཛད་སྤྱོད་པས་རང་གཅུན་ཐུབ་པའི་སྒོ་ནས་སྨན་ཉོ་བར་སྣེ་ཁྲིད་བྱེད་དགོས།
རྒྱུས་ལོན་པ་ལྟར་ན། ཉེ་དུས་ཞིང་ཆེན་ཡོངས་ཀྱི་མ་ལག་ཁྲོད་ནས་ཁྲིམས་འཛིན་མི་སྣ་མི་ཐེངས་དྲུག་བརྒྱ་ཞེ་དྲུག་གིས། སིལ་ཚོང་སྨན་རྫས་ཚོང་ཁང་སོགས་གཙོ་གཞི་བདག་གཉེར་བདུན་བརྒྱ་དང་གསུམ་ལ་ཞིབ་བཤེར་བྱས་པ་དང་། སྨན་རྫས་ཁ་ཤས་དང་གོང་བཏགས་གསལ་བོ་མིན་པའི་གནས་ཚུལ་ལ་ཡུལ་དངོས་ནས་འགན་དཀྲི་དག་ཐེར་བྱས་པ་མ་ཟད། རིན་གོང་རྒྱུན་ལྡན་མིན་པའི་བདག་གཉེར་མཁན་ཁ་ཤས་ལ་ཁྲིམས་ལྟར་ཁ་ཏ་སློབ་གསོ་དང་གསལ་འདེབས་ཐ་ཚིག་བསྒྲགས།
རིག་འཛིན་སྒྲོམ་མས་བསྒྱུར།