ཟླ་བཅུ་གཉིས་པའི་ཚེས་ཉེར་གཅིག་ཉིན། གསར་འགོད་པས་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་ཟབ་མོ་བྱེད་པ་དང་། ཚོང་རའི་གཙོ་གཞི་འཕེལ་རྒྱས་སུ་གཏོང་བར་རྒྱབ་སྐྱོར་བྱེད་པ་དང་མཐོ་རིམ་སློབ་གླིང་གི་མཐར་ཕྱིན་སློབ་མའི་ལས་ཞུགས་ལས་སྐྲུན་ལ་ཞབས་འདེགས་ཞུ་བ། ཡུས་ཧྲུའུ་ཁུལ་གྱི་དཔལ་འབྱོར་རྒྱུན་མཐུད་བརྟན་བརླིང་དང་བདེ་ཐང་ངང་འཁོར་རྒྱུག་བྱེད་པར་སྐུལ་འདེད་གཏོང་ཆེད། ཡུས་ཧྲུའུ་ཁུལ་གྱིས་ཁེ་ཕན་དམངས་ཕན་བྱེད་ཐབས་སོ་དྲུག་ཕྱིར་བཏོན་ནས། མང་ཚོགས་ལ་ཞབས་འདེགས་བཟང་བོ་ཞུས།
ཐེངས་འདིར་ཕྱིར་བཏོན་པའི་བྱེད་ཐབས་ནང་ཚོང་གཉེར་ཁོར་ཡུག་ལེགས་བསྒྱུར་བྱེད་པ་དང་། དངུལ་རྩའི་རྒྱབ་སྐྱོར་བྱེད་ཤུགས་ཆེར་གཏོང་བ། ཁེ་ལས་ཀྱི་དཀའ་ཁག་སེལ་བར་རོགས་བྱེད་པ་སོགས་ཕྱོགས་དྲུག་ཐད་ཀྱི་ཁྱོན་བསྡོམས་བྱེད་ཐབས་སོ་དྲུག་འདུ། དེ་དང་མཉམ་དུ། ཁེ་ལས་དང་མང་ཚོགས་ལ་ཕན་འདོགས་པའི་སྲིད་ཇུས་ལག་བསྟར་བྱེད་པར་ཤུགས་སྣོན་ཆེད། ཡུས་ཧྲུའུ་ཁུལ་སྲིད་གཞུང་གིས་དྲིལ་སྒྲོག་གནད་ལ་འཁེལ་བྱས་པ་དང་། སྲིད་ཇུས་ཀྱི་ཕན་འདོགས་ཚད་སྔར་ལས་རྒྱ་སྐྱེད་དེ། སྲིད་ཇུས་དྲིལ་སྒྲོག་བྱེད་ཤུགས་མཐོར་འདེགས་བཏང་། ཁྲལ་དངུལ་གྱི་རྒྱབ་སྐྱོར་སྲིད་ཇུས་སྣ་ཚོགས་ཕྱོགས་ཡོངས་ནས་ལག་བསྟར་བྱས་པ་དང་། དམངས་ཕན་ཁེ་ཕན་སྲིད་ཇུས་ཀྱི་ཆོག་མཆན་མ་བཀོད་ཀྱང་ལོངས་སྤྱོད་བྱེད་ཆོག་པའི་ཞབས་ཞུ་ཁྱབ་གདལ་དུ་བཏང་ནས། རྒྱུན་རྣམ་ཅན་གྱི་ནོར་སྲིད་མ་དངུལ་ཐད་གཏོང་རྐྱེན་སྲོལ་འཐུས་ཚང་དུ་བཏང་། བཅའ་ཁྲིམས་ཁྲིམས་སྲོལ་གྱི་གཏན་ཁེལ་གཞན་པ་དང་ཡང་ན་དམིགས་བསལ་བྱ་གཞག་ལས་གཞན། སྡེ་ཁག་སོ་སོའི་ཁེ་ལས་དང་མང་ཚོགས་དང་འབྲེལ་བའི་སྲིད་དོན་ཞབས་ཞུ་བྱ་བ་དེ་སྲིད་དོན་ཞབས་ཞུ་ལྟེ་གནས་ལ་སྤྲད་དེ། ཁེ་ལས་དང་མང་ཚོགས་ལ་ཁ་ཕྱོགས་ནས་གཅིག་བསྡུས་སྒོས་ཡོངས་ཁྱབ་ཏུ་བསྒྲུབས་པ་དང་། མང་ཚོགས་དང་ཁེ་ལས་ཀྱིས་བྱ་བ་ཡོངས་རྫོགས་ལས་ཁུངས་གཅིག་ནས་བསྒྲུབས་ཐུབ་པའི་ས་ཚིགས་གཅིག་ཅན་གྱི་སྲིད་དོན་ཞབས་ཞུ་ལོངས་སྤྱོད་བྱེད་ཐུབ་པར་བྱས། ཁེ་ལས་ཀྱི་ཁུར་བོ་ཇེ་ཡང་དུ་གཏོང་བའི་མཉམ་འབྲེལ་གྲོས་ཚོགས་རྐྱེན་སྲོལ་བཙུགས་ནས། ཁེ་ལས་ཀྱི་ཁུར་བོ་གནད་དོན་ཐག་གཅོད་རྒྱུ་དེ་བྱ་བའི་ཁྲིད་ཕྱོགས་སུ་བྱས་པ་དང་། ཁེ་ལས་ནས་རང་དགར་དུ་དངུལ་བསྡུ་བ་དང་ཆད་པ་གཅོད་པ་སོགས་ཀྱི་གནད་དོན་དག་ཐེར་ལེགས་བཅོས་བྱས་ལ། ཁྲལ་འཕྲི་ཡོན་དཀྱོག་གི་གྲུབ་འབྲས་སྲ་བརྟན་དུ་བཏང་བ་དང་། སྟོབས་ཤུགས་ཡོད་རྒུས་ཁེབ་ལས་ཀྱི་ཁུར་བོ་ཇེ་ཡང་དུ་གཏོང་བའི་བྱ་བ་ཚད་ལྡན་ཅན་དང་ཡུན་ཕན་ཅན། ཁྲིམས་སྐྱོང་ཅན་དུ་བསྒྱུར་བར་སྐུལ་འདེད་བཏང་ཞིང་། ཚོང་གཉེར་ཁོར་ཡུག་ལེགས་བསྒྱུར་བྱས་ནས། ཁེ་ལས་ཀྱི་ཐོབ་ཚོར་མཐོར་འདེགས་བཏང་། ཡུས་ཧྲུའུ་ཁུལ་བཟོ་འཕྲིན་ཚོང་དོན་ཅུའུ་ཡིས་ཡུས་ཧྲུའུ་ཁུལ་ཁེ་ལས་འབྲིང་ཆུང་ཕྲན་གསུམ་གྱི་ཞབས་ཞུ་ལྟེ་གནས་བཙུགས་ཏེ། ཡུས་ཧྲུའུ་ཁུལ་གྱི་ཁེ་ལས་འབྲིང་ཆུང་ཕྲན་གསུམ་གྱི་ཚོང་གཉེར་དང་དོ་དམ། འཕེལ་རྒྱས་ཐད་སྲིད་ཇུས་ཀྱི་མཛུབ་ཁྲིད་དང་བློ་འདྲི་ཞབས་ཞུ་འདོན་སྤྲོད་བྱས་པ་དང་། ལོ་རེར་ཁེ་ལས་འབྲིང་ཆུང་ཕྲན་གསུམ་གྱི་རྒྱབ་སྐྱོར་མ་དངུལ་སྒོར་ས་ཡ་དྲུག་གྲབས་གསོག་བྱས་ནས། མ་དངུལ་གྱི་བྱ་དགའི་རྒྱབ་སྐྱོར་འདོན་སྤྲོད་བྱས།