ཟླ་བཅུ་གཉིས་པའི་ཚེས་བཅུ་བདུན་ཉིན། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་གྲོང་གསེབ་དར་སྤེལ་ཐད་ཀྱི་ལས་བྱེད་པའི་ཧྲང་ཧེའི་གསོ་སྦྱོང་འཛིན་གྲྭ་ཧྲང་ཧེ་གྲོང་ཁྱེར་མེན་ཞིན་ས་ཁུལ་ནོར་པོ་ལྟེ་གནས་མགྲོན་ཁང་དུ་བསྒྲུབས་པ་དང་། རྫོང་ཡོངས་ནས་ཡོང་བའི་ཧྲུའུ་ཅི་དང་པོ་དང་སྡེ་སྡོད་བྱ་བའི་རུ་མི་ཞེ་གཉིས་འཛིན་གྲྭ་སྒྲུབ་པའི་མཛད་སྒོར་ཞུགས།
འཛིན་གྲྭ་སྒྲུབ་པའི་མཛད་སྒོའི་སྟེང་། བསམ་བློའི་ངོས་འཛིན་ཇེ་མཐོར་གཏོང་བ་དང་། སློབ་སྦྱོང་གི་བྲེལ་མྱུར་འདུ་ཤེས་ཇེ་དྲག་ཏུ་གཏོང་བ། ཀྲུང་དབྱང་དང་ཞིང་ཆེན། ཁུལ། རྫོང་ཏང་ཨུའི་གྲོང་གསེབ་དར་སྤེལ་སྐོར་གྱི་བཀོད་སྒྲིག་རེ་བ་ལག་བསྟར་བྱེད་པ། རང་སྟེང་གི་ཕྱོགས་བསྡུས་བྱ་བའི་ཆུ་ཚད་ཕྱོགས་ཡོངས་ནས་མཐོར་འདེགས་སུ་གཏོང་བའི་མཐོ་ཚད་ནས། གསོ་སྦྱོང་གི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱས་ཏེ། རང་རྟོགས་སྒོས་སློབ་སྦྱོང་གི་འགན་འཁྲིའི་འདུ་ཤེས་དང་བྲེལ་མྱུར་འདུ་ཤེས་ཇེ་དྲག་ཏུ་གཏོང་བ། སློབ་སྦྱོང་ནན་མོ་བྱེད་པ་དང་། རྒྱུས་ལོན་གཏིང་ཟབ་བྱེད་དགོས། སློབ་མས་སློབ་སྦྱོང་གི་རྣམ་འགྱུར་ཇེ་བཟང་དུ་གཏོང་བ་དང་། སློབ་སྦྱོང་བརྗེ་རེས་ལ་ཤུགས་སྣོན་པ། སློབ་སྦྱོང་གི་སྒྲིག་ལམ་ཇེ་དམ་དུ་བཏང་སྟེ། རྗེས་ཕྱོགས་ཀྱི་སློབ་སྦྱོང་ཁྲོད་གྲུབ་འབྲས་བཟང་བོ་ལེན་པར་ཁག་ཐེག་བྱེད་དགོས་པའི་རེ་བ་བཏོན།
འཛིན་གྲྭ་སྒྲུབ་པའི་མཛད་སྒོའི་སྟེང་ནན་གྱིས་བསྟན་དོན། སློབ་མ་ཚོས་སེམས་ཤུགས་ཡོད་རྒུས་སློབ་སྦྱོང་གི་ཁ་གཏད་རང་བཞིན་མཐོར་འདེགས་སུ་གཏོང་དགོས། ཕྱོགས་ཡོངས་ནས་སློབ་སྦྱོང་བྱེད་པ་དང་། ཐེངས་འདིའི་གསོ་སྦྱོང་གོ་སྐབས་སུ་བརྩིས་ནས། མི་འདང་སར་ཁ་གསབ་དང་གསབ་ཁྲིད་བྱེད་པ་དང་། ཏང་གི་གཞུང་ལུགས་ཀྱིས་བསམ་བློར་དྲག་ཆས་སྤྲས་པ་དང་ལག་ལེན་ལ་མཛུབ་སྟོན་བྱེད་པ། བྱ་བ་སྤེལ་བའི་ནུས་པ་སྔར་ལས་མཐོར་འདེགས་སུ་གཏོང་དགོས། མི་འདང་སར་འབྲེལ་འདྲིས་བྱས་ནས་སློབ་སྦྱོང་བྱེད་པ་དང་། རང་སྟེང་གི་མི་འདང་ས་འཚོལ་བ། བློ་སེམས་རྩེ་གཅིག་གིས་སློབ་སྦྱོང་ནན་མོ་བྱེད་པ། གཞུང་ལུགས་ཀྱི་བསྡུ་རུབ་ཇེ་མང་དུ་གཏོང་བ། ཤེས་ཡོན་རྒྱ་བསྐྱེད་དེ། རང་ཉིད་ཀྱི་གཞུང་ལུགས་ཆུ་ཚད་མཐོར་འདེགས་སུ་གཏོང་དགོས། གོ་དོན་མཐིལ་རྟོགས་སྒོས་སློབ་སྦྱོང་བྱེད་པ་དང་། ཐེངས་འདིའི་གསོ་སྦྱོང་ཐད་ནས་གཞུང་ལུགས་ཀྱི་སློབ་ཁྲིད་ཡོད་ལ་ཡུལ་དངོས་ཀྱི་སློབ་ཁྲིད་ཀྱང་ཡོད་པས། སྤྱི་སྡོམ་བྱས་ནས། རྗེས་ཕྱོགས་ཀྱི་བྱ་བའི་ཐད་བསམ་ཕྱོགས་འདོན་སྤྲོད་བྱེད་དགོས། ཧྲང་ཧེ་འགྲིམ་འགྲུལ་སློབ་ཆེན་ཞིང་སྡེ་འཕེལ་རྒྱས་ཞིབ་འཇུག་གླིང་ཞིང་ཚོང་མཉམ་འབྲེལ་ལྟེ་གནས་ཀྱི་ཀྲུའུ་རིན་ཚའོ་ཡོན་ཧའོ་ཡིས་སློབ་མ་ཚོར་ཤིས་ཚིག་ཕུལ་སྐབས་བསྟན་དོན། སློབ་མ་ཚོས་རྗེས་ཕྱོགས་ཀྱི་གསོ་སྦྱོང་ཁྲོད། བསམ་པའི་རྣམ་པ་བཟང་བོས་སློབ་སྦྱོང་ཁྲོད་ཞུགས་ནས། སློབ་སྦྱོང་གི་ཤེས་བྱ་རྗེས་ཕྱོགས་ཀྱི་བྱ་བ་དངོས་ཀྱི་ཁྲོད་བཀོལ་སྤྱོད་བྱེད་དགོས་པའི་རེ་བ་བཏོན།