ཟླ་བཅུ་གཉིས་པའི་ཚེས་ཉེར་བཞི་ཉིན་ནས་ཚེས་ཉེར་ལྔ་ཉིན་བར། མཚོ་སྔོན་ཞིང་ཆེན་མཐོ་རིམ་སློབ་གྲྭའི་བསམ་བློ་ཆབ་སྲིད་སློབ་ཁྲིད་དགེ་རྒན་གྱིས་གཅིག་བསྡུས་སྒོས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་བྱེད་པའི་ཆེད་དོན་ཟབ་སྦྱོང་འཛིན་གྲྭ་བསྡུས། ཞིང་ཆེན་ནང་ཁུལ་གྱི་མཐོ་རིམ་སློབ་གྲྭ་དང་པེ་ཅིང་དགེ་ཐོན་སློབ་ཆེན་ནས་ཡོང་བའི་བསམ་བློ་ཆབ་སྲིད་གཞུང་ལུགས་སློབ་ཁྲིད་ཀྱི་དགེ་རྒན་ཚོས། བརྙན་རིས་གྲོས་ཚོགས་ཀྱི་རྣམ་པ་བརྒྱུད་དེ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སྔར་ལས་སློབ་སྦྱོང་གཏིང་ཟབ་བྱས་པ་དང་། དེའི་དམིགས་འབེན་ནི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་དེབ་ནང་འཇོག་པ་དང་སློབ་ཁྲིད་ནང་འཇོག་པ། སེམས་ཁོང་དུ་ངེས་པར་སྐུལ་འདེད་གཏོང་བ་དང་། རང་ཞིང་གི་མཐོ་རིམ་སློབ་གྲྭའི་བསམ་བློ་ཆབ་སྲིད་གཞུང་ལུགས་སློབ་ཁྲིད་ཀྱི་དགེ་རྒན་དཔུང་སྡེའི་སློབ་ཁྲིད་ཆུ་ཚད་དང་ནུས་པ་མཐོར་འདེགས་བཏང་ནས། ཀུན་སྤྱོད་འཛུགས་པ་དང་མི་སྐྱོང་བའི་རྩ་བའི་ལས་འགན་ལག་བསྟར་བྱེད་རྒྱུ་དེ་ཡིན།
ཉིན་གཉིས་ཀྱི་སློབ་སྦྱོང་ཁྲོད། རྒྱལ་ཡོངས་ཀྱི་མཐོ་རིམ་སློབ་གྲྭའི་བསམ་བློ་ཆབ་སྲིད་སློབ་ཁྲིད་ཀྱི་ཐུན་མོང་སློབ་ཁྲིད་གྲ་སྒྲིག་ལྟེ་གནས་ཀྱི་འཆད་ཁྲིད་པས་དགེ་རྒན་རྣམས་ལ་ནང་དོན་ཕུན་སུམ་ཚོགས་པའི་སློབ་ཁྲིད་གྲ་སྒྲིག་བྱས། པེ་ཅིང་དགེ་ཐོན་སློབ་ཆེན་མར་ཁེ་སི་རིང་ལུགས་སློབ་གླིང་གི་དགེ་རྒན་ཆེན་མོ་ཝང་ཧྲུའུ་དབྱིན་དང་མཚོ་སྔོན་སློབ་ཆེན་མར་ཁེ་སི་རིང་ལུགས་སློབ་གླིང་གི་དགེ་རྒན་ཆེན་མོ་དབྱང་ཧྥིན། པེ་ཅིང་དགེ་ཐོན་སློབ་ཆེན་མར་ཁེ་སི་རིང་ལུགས་སློབ་གླིང་གི་དགེ་རྒན་ཆེན་མོ་ཀྲའོ་ཁྲའོ་ཧྥིན་སོགས་ཆེད་མཁས་པ་དང་རིག་གནས་པ་བཅུ་ཡིས་སོ་སོར་གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་རྒྱུས་ལོན་གཏིང་ཟབ་བྱེད་པ་དང་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་ནས་ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་སློབ་གསོ་ལག་ལེན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་བསམ་བློ་ཆབ་སྲིད་སློབ་ཁྲིད་ཁྲོད་འདྲེས་པར་བྱེད་པའི་བསམ་གཞིགས་འགའ་སོགས་བརྗོད་དོན་དུ་བྱས་ཏེ་གཏམ་བཤད་གནང་།
ཟབ་སྦྱོང་འཛིན་གྲྭར་ཞུགས་པའི་དགེ་རྒན་ཚོས་སློབ་སྦྱོང་གྲོལ་རྗེས་ལང་ལོང་གིས་བསྟན་དོན། མཐོ་རིམ་སློབ་གྲྭའི་བསམ་བློ་ཆབ་སྲིད་སློབ་ཁྲིད་དགེ་རྒན་གྱིས་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་ཡིད་རྟོན་ཇེ་དྲག་ཏུ་གཏོང་བ། བླ་སྲོག་བསྐྲུན་པའི་འགན་འཁྲི་ཕྲག་ཏུ་བླངས་ཡོད་ལ། སློབ་སྦྱོང་བརྒྱུད་དེ་མི་སྒེར་གྱི་གཞུང་ལུགས་བློ་སྦྱོང་སྔར་ལས་མཐོར་འདེགས་སུ་བཏང་བ་དང་། སློབ་ཁྲིད་དངོས་ཀྱི་ཁྲོད་ནས་ཏང་གི་ལམ་ཕྱོགས་དང་བྱེད་ཕྱོགས། སྲིད་ཇུས་ཀྱི་ལོ་ཙཱ་བ་དང་དྲིལ་སྒྲོག་པ་བྱེད་པ་དང་། སློབ་སྤྱོད་ཟུང་འབྲེལ་དང་སློབ་ཞིབ་སྐུལ་འདེད་རྒྱུན་འཁྱོངས་བྱེད་པ། སློབ་ཁྲིད་ལག་ལེན་གྱི་དགོས་མཁོ་ལ་ཟུང་འབྲེལ་བྱས་ནས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་རིག་གཞུང་རང་བཞིན་གྱི་ཞིབ་འཇུག་དང་ཚན་རིག་རང་བཞིན་གྱི་འགྲེལ་བཤད་བྱེད་པ་དང་། རྒྱ་ཆེའི་ན་གཞོན་སློབ་མའི་སེམས་ཁོང་དུ་བདེན་ལུགས་ཀྱི་ས་བོན་འདེབས་པ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དང་ཏང་གི་གསར་གཏོད་གཞུང་ལུགས་སེམས་ཁོང་དུ་ངེས་པར་སྐུལ་འདེད་གཏོང་བ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་མཐོ་རིམ་སློབ་གྲྭ་ནས་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་པ་དང་གྲུབ་འབྲས་སྨིན་པར་སྐུལ་འདེད་བཏང་སྟེ། ཧུར་ཐག་གིས་མཐོ་རིམ་སློབ་གྲྭའི་བསམ་བློ་ཆབ་སྲིད་བྱ་བའི་རྣམ་པ་གསར་བ་བསྐྲུན་དགོས།