ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པས་སྒྲོག་འགྲེལ་བྱ་འགུལ་སྤེལ།
2022.12.29 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 17

ཟླ་བཅུ་གཉིས་པའི་ཚེས་ཉེར་བརྒྱད་ཉིན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པའི་ཁོངས་མི། མཚོ་སྔོན་ཉིན་རེའི་ཚགས་པར་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཧྲེ་ཀྲང་ཧུའུ་ཝེ་ཀྲུང་དང་། ཞིང་ཆེན་ཏང་ཨུའི་ཏང་གི་ལོ་རྒྱུས་ཞིབ་འཇུག་ཁང་གི་ཀྲུའུ་རིན་ཡན་ཀའོ་གོ། ཞིང་ཆེན་སྤྱི་ཚོགས་ཚན་རིག་གླིང་གི་སྔོན་ཆད་ཀྱི་གླིང་གཙོ་གཞོན་པ། ཞིབ་འཇུག་པ་སུང་ཧྥ་ཕིང་། ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན་གྱི་ཐིན་ཀྲང་གཞོན་པ་ཨན་ཧྲི་ཡོན་བཅས་སོ་སོར་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་དང་ཞིང་ཆེན་ནོར་སྲིད་ཐིན། ཞིང་ཆེན་ཚན་རྩལ་ཐིན། ཞིང་ཆེན་དམག་ཁུངས་ནས་ཕྱིར་བུད་པའི་དམག་མིའི་ལས་དོན་ཐིན་སོགས་ལ་སོང་ནས། དྲ་ཐོག་དང་ཡུལ་དངོས་གཉིས་ཟུང་འབྲེལ་བྱེད་པའི་རྣམ་པ་སྤྱད་དེ་གཅིག་བསྡུས་སྒྲོག་འགྲེལ་བྱས།

སྒྲོག་འགྲེལ་སྐབས་སུ། ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པའི་ཁོངས་མིས་གཙོ་བོར་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་བརྗོད་དོན་དང་གྲུབ་འབྲས་གཙོ་བོར་ཕྱོགས་ཡོངས་ནས་རྒྱུས་ལོན་ཡང་དག་བྱེད་པ་དང་། འདས་པའི་ལོ་ལྔའི་བྱ་བ་དང་དུས་རབས་གསར་བའི་ལོ་བཅུའི་རླབས་ཆེན་འཕོ་འགྱུར། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་ཡུལ་ཁམས་གསར་བ་འབྱེད་པའི་ལོ་རྒྱུས་ཀྱི་འགན་འཁྲི། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་འགན་འཁྲི་ལས་འགན། ཏང་དང་རྒྱལ་ཁབ་ལས་དོན་གྱི་བཀོད་སྒྲིག་གསར་བ་དང་རེ་བ་གསར་བ། ཏང་གི་ཕྱོགས་ཡོངས་འགོ་ཁྲིད་ལ་ཤུགས་སྣོན་པ་དང་བློ་བརྟན་འགྱུར་མེད་ཀྱིས་ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པའི་བཀོད་སྒྲིག་དང་རེ་བ། དཀའ་སྤྱད་འཐབ་རྩོད་བྱས་ནས་ཉེན་ཁ་དང་འགྲན་རྩོད་སྣ་ཚོགས་ལ་ཁ་གཏད་འཇལ་བའི་རེ་བ་སོགས་ཕྱོགས་ལ་དམིགས་ནས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་འགྲེལ་བཤད་ཆ་ཚང་དང་འགྲེལ་ཀློག་གཏིང་ཟབ་བྱས། སྒྲོག་འགྲེལ་ཡུལ་དངོས་སུ། ཚང་མས་སེམས་ཞིབ་མོས་ཉན་པ་དང་ནན་ཏན་སྒོས་ཟིན་བྲིས་བཀོད་ལ། སློབ་སྦྱོང་གི་སྣང་ཚུལ་ཧ་ཅང་སྟུག ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡི་ལས་བྱེད་པ་ཀི་ཀྲིན་ཧྲན་གྱིས་བཤད་རྒྱུར། སྒྲོག་འགྲེལ་ལ་ཉན་རྗེས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཐད་ཀྱི་རྒྱུས་ལོན་སྔར་ལས་ཇེ་ཟབ་ཏུ་བཏང་བ་དང་། ང་ཚོས་ལས་གཉེར་ལས་སྐྲུན་བྱེད་པའི་ངར་སེམས་ཆེར་སྐྱེད།  ང་ཚོས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བྱེད་པར་དམིགས་ནས། རང་རྟོགས་སྒོས་དར་ཆ་མཐོན་པོར་བསྒྲེང་བ་དང་དམངས་སེམས་གཅིག་ཏུ་བསྡུ་བ། མི་གསར་སྐྱེད་སྲིང་བྱེད་པ། རིག་གནས་དར་སྤེལ་གཏོང་བ། སྣང་བརྙན་འགྲེམ་སྟོན་བྱེད་པའི་འགན་འཁྲི་ལས་འགན་ཕྲག་ཏུ་ལེན་པ། གཞུང་ལུགས་སློབ་སྦྱོང་དང་བརྟག་དཔྱད་ཞིབ་འཇུག་སྤེལ་བ། ན་གཞོན་ལས་བྱེད་པའི་གཞུང་ལུགས་བསམ་བློ་དང་གཞུང་ལུགས་བློ་སྦྱོང་ཇེ་དྲག་ཏུ་གཏོང་བ། ཏང་གི་གསར་གཏོད་གཞུང་ལུགས་སྤྱད་དེ་གནད་དོན་དངོས་ཐག་གཅོད་པའི་ནུས་པ་མཐོར་འདེགས་བཏང་སྟེ། ཡང་དག་པའི་བགྲོད་ལམ་བརྟན་སྲུང་བྱེད་པ་དང་རྙིང་འབུད་གསར་འདོན་བྱེད་པར་བརྟེན་ནས་བསམ་བློ་དྲིལ་སྒྲོག་བྱ་བའི་ཐད་ནས་མཁྲེགས་གཏོར་མཆོང་བརྒལ་དང་སྤུས་འདེགས་ནུས་སྤེལ་བྱེད་པར་སྐུལ་འདེད་གཏོང་དགོས།

ཞིང་ཆེན་ཚན་རྩལ་ཐིན་མཐོ་གསར་ལག་རྩལ་ཁྲུའུ་ཡི་ཁྲུའུ་ཀྲང་ལིས་ཡན་གྱིས། ཐེངས་འདིའི་སྒྲོག་འགྲེལ་གྱིས་བརྩོན་སེམས་ཆེར་སྐྱེད་པ་དང་ཡིད་ཆེས་ཇེ་བརྟན་དུ་བཏང་ལ། རྗེས་ཕྱོགས་ང་ཚོས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལག་བསྟར་བྱེད་པར་དམིགས་པ་དང་། རང་ཞིང་གི་སྐྱེ་ཁམས་མཐོ་ས་དང་ཐོན་ལས་གནས་བཞི་འཛུགས་སྐྲུན་བྱེད་པ་གཙིགས་སུ་འཛིན་པ། རང་འགུལ་གྱིས་རྒྱལ་ཁབ་ཀྱི་འཐབ་ཇུས་ཁྲོད་འདྲེས་པར་བྱེད་པ། ཧུར་ཐག་གིས་མཐོ་སྒང་གི་འཐབ་ཇུས་ཚན་རྩལ་སྟོབས་ཤུགས་གསར་སྐྲུན་བྱེད་པ། རྒྱལ་ཁབ་རིམ་པའི་ཚན་རྩལ་སྟེགས་བུ་ཆེན་པོ་བཅུ་འཛུགས་སྐྲུན་བྱེད་པ། གནད་འགག་སྲོག་ཤིང་ལག་རྩལ་འགག་གཏོར་བྱེད་ཤུགས་ཆེར་གཏོང་བ། ཚན་རྩལ་ཁེ་ལས་ཀྱི་གསར་གཏོད་གཙོ་གཞི་སྐྱེད་སྲིང་བྱེད་པ། གསར་གཏོད་ལས་སྐྲུན་སྣང་ཚུལ་བཟང་བོ་བསྐྲུན་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་ཐད་རང་ཉིད་ཀྱི་བྱས་རྗེས་འཇོག་རྒྱུ་ཡིན་ཟེར།

ཞིང་ཆེན་དམག་ཁུངས་ནས་ཕྱིར་བུད་པའི་དམག་མིའི་ལས་དོན་ཐིན་བསམ་བློ་ཆབ་སྲིད་དང་ཁེ་དབང་སྲུང་སྐྱོབ་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ་ཀྲུའུ་ཐེན་ཅུའུ་ཡིས་བསྟན་དོན། སྒྲོག་འགྲེལ་སྙན་ཞུ་ཡི་དོན་ཟབ་ཅིང་གོ་སླ་བ་དང་ནང་དོན་ཕུན་སུམ་ཚོགས་ལ། གཞུང་ལུགས་རང་བཞིན་དང་མཛུབ་ཁྲིད་རང་བཞིན་ཆེན་པོ་ལྡན། ངས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་གྱི་བསམ་བློར་དྲག་ཆས་སྤྲས་པ་དང་ལག་ལེན་ལ་མཛུབ་སྟོན་བྱེད་པ། བྱ་བར་སྐུལ་འདེད་གཏོང་བ་རྒྱུན་འཁྱོངས་བྱེད་པ་དང་། མི་དམངས་དཀྱིལ་སྙིང་དུ་འཛིན་པའི་འཕེལ་རྒྱས་དགོངས་པ་རྒྱུན་འཁྱོངས་བྱེད་པ། བློ་སེམས་རྩེ་གཅིག་གིས་དམག་ཁུངས་ནས་ཕྱིར་བུད་པའི་དམག་མིར་ཞབས་འདེགས་ཞུ་བ། དམག་ཁུངས་ནས་ཕྱིར་བུད་པའི་དམག་མིའི་བསམ་བློ་ཆབ་སྲིད་དང་ཁེ་དབང་སྲུང་སྐྱོབ་སོགས་ཀྱི་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་པ། དམག་ཁུངས་ནས་ཕྱིར་བུད་པའི་དམག་མིའི་ཐོབ་ཚོར་དང་སྐྱིད་སྣང་། བདེ་སྣང་རྒྱུན་མ་ཆད་པར་ཇེ་དྲག་ཏུ་བཏང་སྟེ། དུས་རབས་གསར་བའི་མཚོ་སྔོན་གྱི་དམག་ཁུངས་ནས་ཕྱིར་བུད་པའི་དམག་མིའི་བྱ་བ་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བའི་ཐད་སྟོབས་ཤུགས་འབུལ་རྒྱུ་ཡིན།