ཉིས་སྟོང་ཉེར་གཉིས་ལོའི་ཟླ་བཅུ་གཉིས་པའི་ཚེས་སུམ་ཅུའི་ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་དམག་ཁོངས་ནས་ཕྱིར་བུད་པའི་དམག་མིའི་ལས་དོན་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཉིས་སྟོང་ཉེར་གསུམ་ལོའི་ལུགས་གསར་ལོ་སར་དང་ལུགས་རྙིང་ལོ་སར་སྐབས་སུ། ཞིང་ཆེན་ཡོངས་ཀྱིས་དམག་བཀུར་ཁྱིམ་སྐྱོང་དང་སྲིད་བཀུར་དམངས་གཅེས་བྱ་འགུལ་གཏིང་ཟབ་ཏུ་སྤེལ་བ་དང་། དེའི་དམིགས་འབེན་ནི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་དམག་སྲིད་དམག་དམངས་མཐུན་སྒྲིལ་སྲ་བརྟན་དང་འཕེལ་རྒྱས་སུ་གཏོང་བའི་འཐབ་ཇུས་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱེད་པ་དང་། དུས་རབས་གསར་བའི་དམག་བཀུར་ཁྱིམ་སྐྱོང་དང་སྲིད་བཀུར་དམངས་གཅེས་ཀྱི་འགན་འཁྲིའི་འདུ་ཤེས་དང་ལོ་རྒྱུས་འདུ་ཤེས་སྔར་ལས་ཇེ་དྲག་ཏུ་གཏོང་རྒྱུ་དེ་རེད།
རྒྱུས་ལོན་བྱུང་བ་ལྟར་ན། དམག་སའི་རིམ་པ་སོ་སོས་འཚམས་འདྲི་དང་དམག་དམངས་མཛའ་འབྲེལ་སོགས་ཀྱི་བྱ་འགུལ་སྤེལ་བ་དང་། སྲིད་གཞུང་གི་དྲ་ངོས་དང་དཔོན་ཕྱོགས་ཀྱི་སྐད་འཕྲིན། ལག་ཁྱེར་ཁ་པར་གྱི་མགྲོན་སྣེ་སོགས་ནས་འཚམས་འདྲིའི་ཡི་གེ་དང་སྨོན་འདུན་འཕྲིན་ཐུང་བསྐུར་བ་སོགས་ཀྱི་རྣམ་པ་བརྒྱུད་དེ། དམག་སའི་བརྗེ་རེས་ལ་ཤུགས་བསྣན་པ་དང་། དུས་ཆེན་སྐབས་ཀྱི་དམག་བཀུར་ཁྱིམ་སྐྱོང་དང་སྲིད་བཀུར་དམངས་གཅེས་ཀྱི་སྣང་ཚུལ་ཇེ་སྟུག་ཏུ་བཏང་ལ། དམག་དམངས་བར་གྱི་འབྲེལ་བ་ཇེ་ཟབ་ཏུ་བཏང་། ས་ཆ་སོ་སོ་དང་སྡེ་ཁག་སོ་སོས་མཐའ་སྲུང་དཔོན་དམག་ཐད་ཀྱི་དམག་བཀུར་ཁྱིམ་སྐྱོང་བྱ་འགུལ་སྤེལ་བ་དང་། དམག་དཔུང་གི་དམག་གྲབས་འགན་སྒྲུབ་དང་སྦྱོང་བརྡར་འཁྲབ་སྦྱོང་། བྱ་བ་དང་འཚོ་བའི་ཁྲོད་ཀྱི་དཀའ་ཁག་དངོས་ཐག་གཅོད་པར་རོགས་རམ་བྱས། དམག་དཔུང་སོ་སོས་གནས་གཏན་རོགས་སྐྱོར་སྡེ་བའི་རོགས་འཛུགས་ལེགས་སྒྱུར་བྱེད་ཐབས་འབུར་དུ་ཐོན་པར་བྱས་པ་དང་། མཁར་གྲོང་གི་མ་མཐའི་འཚོ་བའི་འགན་སྲུང་བྱེད་ཡུལ་དང་བུ་ཕྲུག་གམ་དུ་མེད་པའི་ལོ་ལོན། ཕ་མ་གམ་དུ་མེད་པའི་བྱིས་པ་སོགས་ལ་དྲོད་ཁོལ་བསྐྱལ་ཞིང་། ས་གནས་ཀྱི་ཉེན་སྐྱོབ་གནོད་སྐྱོབ་དང་སྤྱི་ཚོགས་སྒྲིག་ལམ་སྲུང་སྐྱོང་སོགས་ཀྱི་བྱ་བ་བཟང་བོར་བསྒྲུབ་པར་རོགས་འདེགས་བྱས། དམག་བཀུར་ཁྱིམ་སྐྱོང་སྲིད་ཇུས་ལག་བསྟར་ནན་མོ་བྱས་པ་དང་། གཟིགས་སྐྱོང་བྱེད་ཡུལ་ལ་རོགས་བྱས་ནས་ཐོན་སྐྱེད་འཚོ་བའི་དཀའ་གནད་ཐག་གཅོད་པར་རོགས་བྱས་ལ། ཕ་ཡུལ་དུ་ཡོད་པའི་དམར་དམག་འཐབ་མོ་བ་རྒན་པ་དང་དམག་ཁོངས་ལས་ལོག་པའི་དམག་མི་རྒན་པ། སྔོན་གཤེགས་དཔའ་བོའི་ཁྱིམ་མི། གཞུང་དོན་ཁྲོད་སྐུ་གཤེགས་པ་དང་ནད་བྱུང་ནས་སྐུ་གཤེགས་པའི་དམག་མིའི་ཁྱིམ་མི་བཅས་ལ་འཚམས་འདྲི་བྱས་ནས། ཏང་དང་སྲིད་གཞུང་གི་དྲོད་ཁོལ་བསྐྱལ།
ཞིང་ཆེན་དམག་ཁོངས་ནས་ཕྱིར་བུད་པའི་དམག་མིའི་ལས་དོན་ཐིན་གྱིས་དམག་སའི་རིམ་པ་སོ་སོས་དུས་རབས་གསར་བ་དང་གནས་བབ་གསར་བ། ལས་འགན་གསར་བར་དམ་དུ་སྦྲེལ་བ་དང་། བདེན་སྲུང་གསར་གཏོད་རྒྱུན་འཁྱོངས་བྱེད་པ། འཚོལ་ཞིབ་ལག་ལེན་བྱེད་ཕོད་པར་བྱས་ནས། དམག་བཀུར་ཁྱིམ་སྐྱོང་དང་སྲིད་བཀུར་དམངས་གཅེས་ཀྱི་ཚ་རླབས་འཕྱུར་བར་བྱེད་པ་དང་། དུས་རབས་གསར་བའི་དམག་བཀུར་ཁྱིམ་སྐྱོང་དང་སྲིད་བཀུར་དམངས་གཅེས་ཀྱི་བྱ་བའི་གོ་དོན་ཕྱིར་བསྲིང་དང་འདྲེན་བྱེད་བྱེད་ཐབས། འཁོར་རྒྱུག་རྐྱེན་རྩར་ཞིབ་འཇུག་དབྱེ་ཞིབ་བྱེད་པ། དམག་བཀུར་ཁྱིམ་སྐྱོང་དང་སྲིད་བཀུར་དམངས་གཅེས་ཀྱི་དཔེ་ལེགས་གསར་འཛུགས་བྱ་འགུལ་གྱི་འགུལ་རྣམ་དོ་དམ་ལ་ཤུགས་སྣོན་པ་དང་། གོ་གནས་གང་ན་ཡོད་རུང་ལྟ་སྟངས་ཡང་དག་འཛིན་པར་སྐུལ་འདེད་བཏང་ནས། གསོན་ཤུགས་གསར་བ་རྒྱས་པར་བྱེད་པ། དམག་ས་གཉིས་ཀྱིས་དོན་དངོས་བསྒྲུབ་པའི་གསལ་ཐོ་གཉིས་ཀྱི་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། རིམ་པ་བགོས་ནས་བསྒྲུབ་པ་དང་གཙོ་གནད་ལྟ་སྒྲུབ། རྩིས་ཐོ་མེད་པར་བཟོ་བ་སོགས་ཀྱི་རྣམ་པ་བརྒྱུད་དེ་དམག་སའི་དགོས་མཁོ་ལག་བསྟར་བྱས་ཏེ། དམག་དཔུང་དང་ས་གནས་བར་གྱི་ཕྱོགས་གཉིས་རྒྱབ་སྐྱོར་དང་མཉམ་དུ་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་བ། སྤྱི་ཚོགས་ཅན་གྱི་དམག་བཀུར་ཁྱིམ་སྐྱོང་སོགས་བྱ་འགུལ་གྱི་སྣེ་ཁྲིད་དང་ཚད་ལྡན་ཅན་གྱི་དོ་དམ་ལ་ཤུགས་སྣོན་པ་དང་། དམག་ཁོངས་ནས་ཕྱིར་བུད་པའི་དམག་མི་དང་གཟིགས་སྐྱོང་བྱེད་ཡུལ་གཞན་པའི་གཟིགས་སྐྱོང་ཞབས་ཞུའི་ཁྱབ་ཁོངས་རྒྱ་བསྐྱེད་དེ། དམག་བཀུར་ཁྱིམ་སྐྱོང་གི་སྲིད་ཇུས་བྱེད་ཐབས་སྤུས་ལེགས་དངོས་གཉེར་དང་གྲུབ་འབྲས་ལེན་པར་ཁག་ཐེག་བྱེད་དགོས་པའི་རེ་བ་བཏོན།