ཉིས་སྟོང་ཉེར་གཉིས་ལོའི་ཟླ་བཅུ་གཉིས་པའི་ཚེས་སོ་གཅིག་ཉིན། གསར་འགོད་པས་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་བཟོ་འཕྲིན་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཁེ་ལས་འབྲིང་ཆུང་ཕྲན་གསུམ་དང་དམངས་གཉེར་དཔལ་འབྱོར་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་ཆེད། མགོ་ལོག་ཁུལ་གྱིས་ཁེ་ལས་འབྲིང་ཆུང་ཕྲན་གསུམ་ལ་རྒྱུན་མཐུད་བདེ་ཐང་འཕེལ་རྒྱས་ཀྱི་ཆེད་སྤྱོད་མ་དངུལ་བྱིན།
མིག་སྔར་མགོ་ལོག་ཁུལ་གྱིས་ས་གནས་ཀྱི་ཁེ་ལས་ལྔ་བཅུར་དཀའ་ཁག་ཐག་གཅོད་པ་དང་ཁེ་ལས་འབྲིང་ཆུང་ཕྲན་གསུམ་རྒྱུན་མཐུད་བདེ་ཐང་ངང་འཕེལ་རྒྱས་སུ་གཏོང་བའི་ཆེད་སྤྱོད་མ་དངུལ་བྱིན། སྲིད་གཞུང་གིས་བྱིན་པའི་མ་དངུལ་གྱི་རྒྱབ་སྐྱོར་གྱིས། ས་དེའི་ཁེ་ལས་འབྲིང་ཆུང་ཕྲན་གསུམ་དང་དམངས་གཉེར་དཔལ་འབྱོར་གྱི་དཀའ་ཁག་སེལ་བ་མ་ཟད་རྒྱུན་མཐུད་ངང་འཕེལ་རྒྱས་སུ་གཏོང་བའི་ཐད་སྒུལ་ཤུགས་གསར་བ་བསྣན།
རྒྱུས་ལོན་བྱུང་བ་ལྟར་ན། མགོ་ལོག་ཁུལ་གྱིས་སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་མཐུན་སྦྱོར་མཉམ་འབྲེལ་རྐྱེན་སྲོལ་ཇེ་དྲག་ཏུ་བཏང་བ་བརྒྱུད་དེ། ཐབས་མང་མཉམ་སྤྱོད་ཀྱིས་ཁེ་ལས་ཀྱི་དཀའ་ཁག་སེལ་བར་རོགས་འདེགས་བྱས། རོགས་སྐྱོར་བྱེད་སྐབས། ས་དེའི་སྲིད་གཞུང་གིས་མ་དངུལ་སྒོར་བྱེ་བ་གཅིག་དང་ས་ཡ་དྲུག་བཀོད་སྒྲིག་བྱས་ནས་ཁེ་ལས་ཀྱི་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་ཐག་བཅད་པ་དང་། ཚོང་རའི་གཙོ་གཞིའི་གསོན་ཤུགས་ཆེར་བསྐྱེད། ཤེས་གསལ་ལྟར་ན། མགོ་ལོག་ཁུལ་གྱི་ཁེ་ལས་འབྲིང་ཆུང་ཕྲན་གསུམ་དང་སྤྱིར་དབང་མིན་པའི་དཔལ་འབྱོར་ཁེ་ལས་ལོ་འདི་འགའི་རིང་ལ་ཇེ་ཉུང་དུ་མ་སོང་བར་མ་ཟད་ལོ་རེ་བཞིན་ཇེ་མང་དུ་སོང་བ་དང་། ཐོ་འགོད་མ་རྩ་དང་མ་རྩའི་ཟིན་ཚད་བརྟན་འཇགས་ངང་ཇེ་མང་དུ་སོང་ནས། དཔལ་འབྱོར་འཕར་སྣོན་ལ་རོགས་འདེགས་བྱེད་པ་དང་གསར་གཏོད་ལ་སྐུལ་འདེད་གཏོང་བ། ལས་ཞུགས་རྒྱ་བསྐྱེད་པ། དམངས་ཚིས་ལེགས་སྒྱུར་བྱེད་པ། ཁྲལ་བསྡུ་ཇེ་མང་དུ་གཏོང་བ་སོགས་ཕྱོགས་ཀྱི་ནུས་པ་ཡང་སྔར་ལས་ཇེ་ཆེར་སོང་། ལྷག་པར་དུ་ཁྱད་ལྡན་ཞིང་ཕྱུགས་ལས་དང་ཞབས་ཞུ་ལས་རིགས། ནུས་ཁུངས་གསར་བ་སོགས་ཁྱབ་ཁོངས་ཀྱི་སྤྱིར་བཏང་མིན་པའི་དཔལ་འབྱོར་དང་ཁེ་ལས་འབྲིང་ཆུང་གི་སྤུས་ཚད་གྲུབ་ཚུལ་རྒྱུན་མ་ཆད་པར་ལེགས་སྒྱུར་བྱས་པར་མ་ཟད། རིམ་པ་བཞིན་ཚུལ་སྒྱུར་དང་གསར་གཏོད་ཀྱི་སྟོབས་ཤུགས་གལ་ཆེན་དུ་འགྱུར་བཞིན་ཡོད།