ཟླ་དང་པོའི་ཚེས་ལྔ་ཉིན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་དང་ཞིང་ཆེན་ཏང་ཨུའི་གསར་གཉིས་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཆེད་བསྐོས་ཧྲུའུ་ཅི་གཞོན་པ་མཱ་ཀྲན་ཧྲན་དང་། ཞིང་ཆེན་ས་གནས་དངུལ་རྩ་ལྟ་སྐུལ་དོ་དམ་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ལིས་ཅན་ལིས། ཞིང་ཆེན་བཟོ་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཝུའུ་ཅན་ཅུན། རྒྱལ་ཁབ་ཞིབ་དཔྱོད་དཔོན་པོའི་སློབ་གླིང་མཚོ་སྔོན་ཡན་ལག་སློབ་གླིང་གི་ཡོན་ཀྲང་མཱ་ཐེན་ཧྲན། ཐེམ་ཆེན་རྫོང་ཏང་ཨུའི་ཏང་གི་སློབ་གྲྭའི་མཐོ་རིམ་འཆད་ཁྲིད་པ་སྲུང་མ་བཅས་སོ་སོར་ཞིང་ཆེན་ཁྲིམས་འཛིན་ཐིན་དང་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན། ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས། ཞིང་ཆེན་མཁོ་འཚོང་མཉམ་འབྲེལ་ལྷན་ཁང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་བཅས་ལ་སོང་ནས་གཅིག་བསྡུས་སྒྲོག་འགྲེལ་བྱས།
སྒྲོག་འགྲེལ་བྱེད་སྐབས། ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པའི་ཁོངས་མིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་བརྗོད་དོན་དང་གྲུབ་འབྲས་གཙོ་བོ། འདས་པའི་ལོ་ལྔའི་བྱ་བ་དང་དུས་རབས་གསར་བའི་ལོ་བཅུའི་རླབས་ཆེན་འགྱུར་ལྡོག་ལ་སློབ་སྦྱོང་དང་རྒྱུས་ལོན་བྱེད་པ་དང་། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་ཡུལ་ཁམས་གསར་བ་འབྱེད་པའི་ལོ་རྒྱུས་ཀྱི་འགན་འཁྲི། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་འགན་འཁྲི་ལས་འགན་སོགས་ཕྱོགས་ལ་དམིགས་ནས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་ཁྱོན་ཡོངས་ནས་སྒྲོག་འགྲེལ་འགྲེལ་ཀློག་གཏིང་ཟབ་བྱས། སྙན་ཞུ་གྲོས་ཚོགས་ཀྱི་སྒྲོག་འགྲེལ་རྒྱུད་རིམ་ཁྲོད། ཚོགས་ཞུགས་མི་སྣས་ནན་ཏན་སྒོས་ཉན་པ་དང་ཟིན་ཐོ་བཀོད་ལ། བསམ་གཞིགས་ཞིབ་མོ་བཏང་།
ཞིང་ཆེན་ཁྲིམས་འཛིན་ཐིན་སྲིད་འཛིན་ཁྲིམས་བསྟར་མཐུན་སྦྱོར་ལྟ་སྐུལ་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ་ཧྲིན་ཝེ་ཆི་ཡིས་བཤད་རྒྱུར། སྒྲོག་འགྲེལ་སྙན་ཞུ་ཡི་དོན་སྙིང་ཟབ་ལ་གོ་སླ་བ་དང་། ང་ཚོར་སྐུལ་སློང་དང་རོགས་རམ་ཆེན་པོ་ཐོབ། ང་ཚོས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པས་བཏོན་པའི་དགོངས་པ་གསར་བ་དང་ཆོད་གཏམ་གསར་བ། བཏོན་པའི་བཀོད་སྒྲིག་གསར་བ་དང་རེ་བ་གསར་བར་རྒྱུས་ལོན་གཏིང་ཟབ་བྱེད་པ། འགན་ནུས་ལ་རྐང་འཛུགས་པ། ལག་བསྟར་གྱི་འགོ་ཚུགས་ས་དང་ཤུགས་འདོན་ས་ཡང་དག་འཚོལ་བ། རང་འགུལ་གྱིས་ཁྲིམས་ལྟར་ཞིང་ཆེན་ཕྱོགས་ཡོངས་ནས་བཅོས་སྐྱོང་བྱེད་པའི་རླབས་ཆེན་ལག་ལེན་ཁྲོད་ཞུགས་པ། སློབ་སྦྱོང་ཁྲོད་རྒྱུས་ལོན་གཏིང་ཟབ་བྱེད་པ་དང་ལག་ལེན་ཁྲོད་གཅིག་ཤེས་ཀུན་གྲོལ་བྱེད་པ། ཕུགས་འདུན་ཡིད་རྟོན་ཇེ་བརྟན་དུ་གཏོང་བ། འགན་འཁྲི་ལས་འགན་ཁོང་དུ་ཆུད་པར་བྱེད་པ། ལག་བསྟར་དམ་འཛིན་ནན་མོ་བྱས་ཏེ། ཆུ་ཚད་སྔར་ལས་མཐོ་བའི་བདེ་འཇགས་མཚོ་སྔོན་དང་ཁྲིམས་སྐྱོང་མཚོ་སྔོན་འཛུགས་སྐྲུན་བྱེད་པའི་སྟོབས་ཤུགས་འབུལ་དགོས།
ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་བྱེད་པ་ཞིན་རུའེ་ཡིས་བཤད་རྒྱུར། དེ་ནི་གསོན་ཉམས་ལྡན་པའི་གཞུང་ལུགས་ཟུར་ཁྲིད་ཐེངས་གཅིག་ཡིན་ལ། བསམ་བློའི་སྐུལ་སློང་གཏིང་ཟབ་མོ་ཞིག་ཀྱང་ཡིན་པས། ང་ཚོས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་བྱེད་པའི་གྲུབ་འབྲས་བུད་མེད་བྱིས་པའི་ལས་དོན་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བའི་ལག་ལེན་གསོན་པོ་རུ་བསྒྱུར་བ་དང་། འགན་འཁྲི་ལག་བསྟར་བྱེད་པ། བློ་སེམས་རྩེ་གཅིག་གིས་བུད་མེད་མང་ཚོགས་ཀྱི་དཀའ་གནད་སེལ་བ་དང་དོན་དངོས་བསྒྲུབ་པ། བུད་མེད་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་ཀྱི་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་ཁྲོད་ཀྱི་འབྲེལ་འདྲིས་ཀྱི་ནུས་པ་འདོན་སྤེལ་བྱེད་པ། བུད་མེད་དང་བྱིས་པའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱེད་རྒྱུ་དེ་ཉིན་རྒྱུན་གྱི་བྱ་བའི་ཁྲོས་ཁྱབ་པར་བྱེད་པ་དང་རྒྱུན་དུ་དམ་འཛིན་བྱེད་པ། གཞི་རིམ་ནས་ལག་བསྟར་བྱས་ཏེ། བུད་མེད་མང་ཚོགས་ཀྱི་བདེ་སྣང་སྐྱིད་སྣང་རྒྱུན་མ་ཆད་པར་མཐོར་འདེགས་གཏོང་དགོས།