ཟླ་དང་པོའི་ཚེས་དྲུག་ཉིན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པའི་ཁོངས་མི། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཀུང་ཞའོ་ཀྲུང་དང་། མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་སློབ་གཙོ་གཞོན་པ། དགེ་རྒན་ཆེན་མོ་ཡེ་ཁྲིན་ཧྥུའུ། ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་མི་རིགས་ཆོས་ལུགས་སློབ་དཔྱོད་པུའུ་ཡི་ཀྲུའུ་རིན་གཞོན་པ། དགེ་རྒན་ཆེན་མོ་བསོད་ནམས་དབང་རྒྱལ། ཐེམ་ཆེན་རྫོང་ཏང་ཨུའི་ཏང་གི་སློབ་གྲྭའི་མཐོ་རིམ་འཆད་ཁྲིད་པ་སྲུང་མ་བཅས་སོ་སོར་ཞིང་ཆེན་གྲོང་གསེབ་དར་སྤེལ་ཅུའུ་དང་ཞིང་ཆེན་རྩོག་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་འོམ་ཆུ་གྲོང་རྡལ་སོགས་ལ་སོང་ནས་གཅིག་བསྡུས་སྒྲོག་འགྲེལ་བྱས།
སྒྲོག་འགྲེལ་བྱེད་སྐབས། ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པའི་ཁོངས་མིས་དྲ་ཐོག་ཡུལ་དངོས་དང་སྐད་གཉིས་སོགས་ཀྱི་རྣམ་པ་བརྒྱུད་དེ། དོན་ཟབ་ཅིང་གོ་སླ་བའི་སྒོ་ནས་སགྲོག་འགྲེལ་བྱས་ཏེ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུ་ལ་འགྲེལ་བཤད་དང་འགྲེལ་ཀློག་གསལ་བོ་བྱས།
ཞིང་ཆེན་གྲོང་གསེབ་དར་སྤེལ་ཅུའུ་ལས་རིགས་དབུལ་སྐྱོར་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ་ཧོའུ་ལེ་ཡིས་བསྟན་དོན། སྒྲོག་འགྲེལ་སྙན་ཞུ་ཡིས་བསམ་བློ་གཏིང་ཟབ་ཅིང་ནང་དོན་ཕུན་སུམ་ཚོགས་ལ། ང་ཚོར་སྐུལ་སློང་ཆེན་པོ་ཐེབས་པ་དང་ཡིད་ཆེས་ཇེ་བརྟན་དུ་བཏང་། ང་ཚོས་བསམ་བློ་དང་བྱ་སྤྱོད་གཉིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སྟེང་གཅིག་གྱུར་བྱེད་པ་དང་། སློབ་སྦྱོང་གི་གྲུབ་འབྲས་དེ་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་རྒྱ་སྐྱེད་པ་དང་། གྲོང་གསེབ་དར་སྤེལ་འཐབ་ཇུས་ལག་བསྟར་བྱེད་པའི་སྒུལ་ཤུགས་ཆེན་པོ་རུ་བསྒྱུར་བ། བྱ་བ་སྣ་ཚོགས་ལ་འཆར་འགོད་བྱེད་པ་དང་སྐུལ་འདེད་གཏོང་བའི་གཞི་རྩའི་བསམ་ཕྱོགས་དང་ལམ་བུ། བྱེད་ཐབས་སུ་བསྒྱུར་བ། ཏན་ཏན་ཏིག་ཏིག་གིས་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་ནས། སྟོབས་ཤུགས་ཡོད་རྒུས་ཞིང་ཆེན་ཡོངས་ཀྱི་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་གྲོང་གསེབ་དར་སྤེལ་བྱ་བའི་ཐད་ནས་གྲུབ་འབྲས་གསར་བ་ལེན་པ་དང་ཆུ་ཚད་གསར་བ་ཞིག་ཏུ་བསླེབ་པར་སྐུལ་འདེད་གཏོང་དགོས།
འོམ་ཆུ་གྲོང་རྡལ་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་ཀྱི་ལས་བྱེད་པ་མཱ་ཅི་ཏི་ཡིས་བཤད་རྒྱུར། སྒྲོག་འགྲེལ་ལ་ཉན་རྗེས། ང་ཚོས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་རྒྱུས་ལོན་སྔར་ལས་གཏིང་ཟབ་བྱས་པ་དང་བསམ་ཕྱོགས་སྔར་ལས་ཇེ་གསལ་དུ་བཏང་ལ། ཚང་མས་མཐུན་སྒྲིལ་འབད་བརྩོན་དང་ལས་གཉེར་ལས་སྐྲུན་གྱི་སྤོབས་སེམས་ཆེར་སྐྱེད། ང་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། མང་ཚོགས་ཀྱི་ཁེ་ཕན་གཙོ་བོར་སྲུང་སྐྱོབ་བྱེད་རྒྱུ་དེ་རྐང་འཛུགས་ས་རུ་བྱེད་པ། མང་ཚོགས་ལ་དོན་དངོས་བསྒྲུབ་པ་དང་དོན་བཟང་བསྒྲུབ་པ། མིག་སྔར་ལ་རྐང་འཛུགས་པ་དང་ཆུང་ས་ནས་འགོ་ཚུགས་ནས། བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་པ་དང་། མང་ཚོགས་ལ་ཞབས་འདེགས་ཞུ་བའི་ཆེས་མཐའ་མཇུག་གི་སྤྱི་ལེ་གཅིག་གེགས་མེད་བྱས་ཏེ། མི་དམངས་ལ་ཁེ་ཕན་བསྐྲུན་པར་ཁག་ཐེག་བྱེད་དགོས།