རང་ཞིང་གི་གཞི་ཁྱོན་ཅན་གྱི་གསོ་སྤེལ་ར་བ་སྟོང་གཅིག་བརྒྱ་དང་སོ་དྲུག་ལ་སླེབས།
2023.01.08 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 27

ཉེ་ལམ། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ལོ་བཅུའི་རིང་གི་འབད་བརྩོན་བརྒྱུད་དེ། ཞིང་ཆེན་ཡོངས་ཀྱི་སྒོ་ཕྱུགས་དང་ཁྱིམ་བྱ་གསོ་སྤེལ་ཚད་གཞི་ཅན་གྱི་ཆུ་ཚད་རིམ་པ་བཞིན་ཇེ་མཐོར་སོང་བ་དང་། དེང་རབས་ཅན་གསོ་སྤེལ་མ་ལག་འཛུགས་སྐྲུན་ཐད་ནས་གྲུབ་འབྲས་མངོན་གསལ་བླངས། མིག་སྔའི་བར་དུ། རང་ཞིང་གི་ཐོ་འགོད་བྱས་པའི་གཞི་ཁྱོན་ཅན་གྱི་གསོ་སྤེལ་ར་བ་སྟོང་གཅིག་དང་བརྒྱ་དང་སོ་དྲུག་ལ་སླེབས།

རང་ཞིང་གིས་དཔེ་སྟོན་འཛུགས་སྐྲུན་གཙོ་གཞི་སྔར་ལས་རྒྱ་བསྐྱེད་པ་དང་། སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་དང་ནོར་ནག་བོད་ལུགས་གསོ་སྤེལ་རྟེན་གཞི། ཁྱིམ་ཚང་ཕྱུགས་ར། སྐྱེ་ཁམས་ཕྱུགས་ར་སོགས་རིམ་པ་བཞིན་ཚད་གཞི་ཅན་གྱི་གཞི་ཁྱོན་གསོ་སྤེལ་དཔེ་སྟོན་འཛུགས་སྐྲུན་ཁྱབ་ཁོངས་སུ་འཇོག་པ། སྒོ་ཕྱུགས་དང་ཁྱིམ་བྱའི་ཚད་གཞི་ཅན་གྱི་གཞི་ཁྱོན་གསོ་སྤེལ་དེ་སྒོ་ཕྱུགས་དང་ཁྱིམ་བྱ་སོན་བཟང་ཅན་དང་གསོ་སྤེལ་སྒྲིག་ཆས་ཅན། ཐོན་སྐྱེད་ཚད་ལྡན་ཅན། རིམས་འགོག་ལམ་ལུགས་ཅན། བཤང་གཅི་གནོད་མེད་ཅན་ནས་ཐོན་སྐྱེད་ཕན་མཐོ་དང་ཁོར་ཡུག་མཛའ་མཐུན། ཐོན་རྫས་བདེ་འཇགས། དོ་དམ་སྔོན་ཐོན་གྱི་ཁ་ཕྱོགས་སུ་མཐོར་འདེགས་བཏང་སྟེ། སྒོ་ཕྱུགས་དང་ཁྱིམ་བྱའི་གསོ་སྤེལ་ཚད་གཞི་ཅན་གྱི་དཔེ་སྟོན་འཛུགས་སྐྲུན་བྱ་བའི་ཐད་ནས་གྲུབ་འབྲས་གསར་བ་ལེན་པར་སྐུལ་འདེད་གཏོང་རྒྱུ་རེད།