ཉེ་ལམ། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཉིས་སྟོང་ཉེར་གསུམ་ལོའི་ཀྲུང་དབྱང་ནོར་སྲིད་ཀྱི་མཁར་གྲོང་འགན་སྲུང་རང་བཞིན་གྱི་བདེ་སྡོད་བཟོ་སྐྲུན་ཁ་གསབ་མ་དངུལ་སྐོར་ཞིག་སྔ་སྣུར་སྒོས་ལག་བསྟར་བྱས།
གསར་འགོད་པས་རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིར་ཞིང་ཆེན་ཡོངས་སུ་ཀྲུང་དབྱང་ནོར་སྲིད་ཀྱི་མཁར་གྲོང་འགན་སྲུང་རང་བཞིན་གྱི་བདེ་སྡོད་བཟོ་སྐྲུན་ཁ་གསབ་མ་དངུལ་བསྡོམས་པས་སྒོར་དུང་ཕྱུར་གསུམ་དང་བྱེ་བ་གསུམ་ས་ཡ་གཉིས་བྱིན་པ་དང་། དེའི་ནང་དུ་གྲོང་ཁྱེར་གྱི་སྤྱིལ་ཁྱིམ་ཁུལ་གྱི་སྒྱུར་བཀོད་མ་དངུལ་སྒོར་བྱེ་བ་བདུན་དང་ས་ཡ་བཞི་འབུམ་གསུམ་ཡོད་པ་དང་། མཁར་གྲོང་གི་ཁང་རྙིང་སྡེ་ཁུལ་སྒྱུར་བཀོད་མ་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་བདུན་ས་ཡ་དྲུག་ཁྲི་དགུ་ཡོད། ཆ་རྐྱེན་འདང་ཞིང་ཚོང་རར་ཁང་གླ་གཏོང་ལེན་བྱེད་པའི་མཁར་གྲོང་སྡོད་ཁང་འགན་སྲུང་ཁྱིམ་ཚང་ལ་ཁང་གླ་གཏོང་ལེན་ཁ་གསབ་མ་དངུལ་སྒོར་བྱེ་བ་གཅིག་དང་ས་ཡ་དགུ་འབུམ་དྲུག་བྱིན་པ་དང་། དེ་མིན་འགན་སྲུང་རང་བཞིན་གྱི་ཁང་གླ་གཏོང་ལེན་ལས་གཞིའི་མ་དངུལ་སྒོར་བྱེ་བ་དྲུག་དང་ས་ཡ་གཉིས་ཁྲི་གཅིག་བྱིན། ཀྲུང་དབྱང་ནོར་སྲིད་ཀྱིས་མཁར་གྲོང་འགན་སྲུང་རང་བཞིན་གྱི་བདེ་སྡོད་བཟོ་སྐྲུན་གྱི་ཁ་གསབ་མ་དངུལ་ལ་ཆེད་སྤྱོད་དོ་དམ་བྱས་ཏེ། མ་དངུལ་བགོ་བ་དང་གཏོང་བ། བཀོལ་སྤྱོད་སོགས་ཀྱི་ལས་རིམ་ཡོངས་དང་བརྒྱུས་བར་བྱེད་རྒྱུ་རེད།
བཀྲ་ཤིས་འབུམ་གྱིས་བསྒྱུར།