ཉིས་སྟོང་ཉེར་གཉིས་ལོའི་ཚུན་ལ། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱིས་རིམས་ནད་འགོག་ཐུབ་པར་བྱེད་པ་དང་དཔལ་འབྱོར་བརྟན་པོ་ཡོང་བར་བྱེད་པ། འཕེལ་རྒྱས་ཐད་བདེ་འཇགས་ཡོང་བར་བྱེད་པའི་བླང་བྱ་གལ་ཆེན་རྒྱུན་འཁྱོངས་བྱས་པ་དང་། ལས་གཞི་མཁྲེགས་གཏོར་ལོའི་བྱ་འགུལ་ཏན་ཏིག་གིས་སྤེལ་ཏེ་འགྲན་རྩོད་དང་དཔྱད་ཞིབ་ཁྲོད་ནས་བཟོ་ལས་དཔལ་འབྱོར་བརྟན་འཇགས་སྒོས་འཕེལ་རྒྱས་སུ་འགྲོ་བར་སྲུང་འཛིན་བྱས། ཟླ་དང་པོ་ནས་ཟླ་བཅུ་གཅིག་པའི་བར་དུ། ཁུལ་ཡོངས་སུ་བསྡོམས་པས་མ་དངུལ་སྒོར་ཐེར་ཆེན་གཉིས་དང་ཐེར་འབུམ་བཞི་དུང་ཕྱུར་གཅིག་བྱེ་བ་བདུན་ས་ཡ་བརྒྱད་བཏང་བ་དང་། དེ་ལོ་སྔོན་མའི་དུས་མཉམ་ལས་བརྒྱ་ཆའི་བཅོ་བརྒྱད་དང་གྲངས་ཆུང་ལྔ་འཕར་ཡོད།
མཚོ་ནུབ་ཁུལ་གྱིས་ཁུལ་རིམ་པའི་འགོ་ཁྲིད་ཟབ་ཞུགས་བཟང་བོ་བྱེད་པ་དང་འགན་འཁྲིའི་ལས་གཞི་འོས་འཚམ་གྱིས་བགོ་བཤའ་བྱེད་པའི་རྩ་དོན་གཞིར་བཟུང་སྟེ། ཉིས་སྟོང་ཉེར་གཉིས་ལོའི་ཁུལ་རིམ་པའི་འགོ་ཁྲིད་ཀྱིས་ལས་གཞི་གཙོ་བོར་འགན་ལེན་འབྲེལ་འདྲིས་བྱས་ཏེ་སྐུལ་འདེད་གཏོང་བའི་ལག་བསྟར་ཇུས་གཞི་པར་འགྲེམས་བྱས་ཏེ་ལས་གཞི་གཙོ་བོ་ང་གཅིག་ལ་འགན་ལེན་འབྲེལ་འདྲིས་བྱས་ཏེ་སྐུལ་འདེད་བཏང་བ་དང་ལས་གཞིར་མ་དངུལ་བཏང་ཚད་བརྒྱ་ཆའི་རེ་དགུ་ལ་སླེབས། ཁུལ་རིམ་པའི་འགོ་ཁྲིད་ཀྱིས་སྣེ་ཁྲིད་ཀྱི་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་ཏེ་གོང་ནས་འོག་བར་དང་མ་ལག་ཧྲིལ་བོ། རྒྱུ་རྐྱེན་ཧྲིལ་བོ། གོ་རིམ་ཧྲིལ་བོ་བཅས་ལ་མཐུན་སྦྱོར་སྒོས་སྐུལ་འདེད་གཏོང་བའི་བྱ་བའི་རྣམ་པ་གྲུབ་པར་བྱས་པ་དང་། ཟླ་དང་པོ་ནས་ཟླ་བཅུ་བའི་བར་དུ། ཁུལ་རིམ་པའི་འགོ་ཁྲིད་ཀྱིས་འགན་ལེན་འབྲེལ་འདྲིས་བྱས་པའི་ལས་གཞིར་མ་དངུལ་སྒོར་ཐེར་ཆེན་གཅིག་དང་ཐེར་འབུམ་དྲུག་དུང་ཕྱུར་དགུ་བྱེ་བ་བརྒྱད་བཏང་བ་དང་། དེས་སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་དངུལ་གཏོང་གི་བརྒྱ་ཆའི་བདུན་ཅུ་ཟིན།
ལྷ་མོ་ཚེ་རིང་གིས་བསྒྱུར།