ཡུས་ཧྲུའུ་ཁུལ་གྱིས་སྟོབས་ཤུགས་གཅིག་སྡུད་བྱས་ཏེ་གྲོང་གསེབ་ཀྱི་རྣམ་པ་གསར་བ་བསྐྲུན།
2023.01.23 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 21

ཡུས་ཧྲུའུ་ཁུལ་གྱིས་སྟོབས་ཤུགས་གཅིག་སྡུད་བྱས་ཏེ་གྲོང་གསེབ་ཀྱི་རྣམ་པ་གསར་བ་བསྐྲུན།

ཉིས་སྟོང་ཉེར་གཉིས་ལོར། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱིས་ཚད་མཐའ་སྲུང་བ་དང་འཕེལ་རྒྱས་དམ་འཛིན། དར་རྒྱས་ལ་སྐུལ་འདེད་གཏོང་བར་དམིགས་ཏེ། ཕྱོགས་གཅིག་ནས་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་དང་། ཕྱོགས་གཅིག་ནས་གྲོང་གསེབ་དར་སྤེལ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་རྒྱུན་འཁྱོངས་བྱས་ཏེ། ཕྱིར་དབུལ་བོར་འགྱུར་བར་སྔོན་འགོག་བྱེད་པའི་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་གྱི་གོ་རིམ་གཉིས་དམ་འཛིན་བྱེད་པ་དང་། ཐོན་ལས་དང་ལས་ཞུགས་གནད་འགག་འདི་གཉིས་དམ་འཛིན་བྱས་ནས། ཡུས་ཧྲུའུ་གྲོང་གསེབ་ཀྱི་རྣམ་པ་གསར་བ་བསྐྲུན།

ཡུས་ཧྲུའུ་ཁུལ་གྱིས་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་ཐོག་མའི་ལས་འགན་དུ་འཇོག་པ་རྒྱུན་འཁྱོངས་བྱས་ཏེ། གནད་ཁེལ་གྱི་རོགས་སྐྱོར་བྱེད་ཐབས་གཏན་འབེབས་བྱས་ནས་རོགས་སྐྱོར་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་དུ་བཏང་ཡོད་ལ། ཉིས་སྟོང་ཉེར་གཉིས་ལོར་རོགས་སྐྱོར་རྣམ་གྲངས་བརྒྱ་དང་ཉེར་གཉིས་ལ་མ་དངུལ་སྒོར་དུང་ཕྱུར་གསུམ་དང་བྱེ་བ་གསུམ་བཏང་། ཤར་ནུབ་རྒྱུད་མཉམ་ལས་ཀྱི་རོགས་སྐྱོར་མ་དངུལ་སྒོར་དུང་ཕྱུར་གསུམ་དང་བྱེ་བ་གཅིག་ས་ཡ་བརྒྱད་དངོས་འབེབས་བྱས་ཏེ། ཐོན་ལས་རིགས་ཀྱི་བསྡུར་ཚད་ཀྱི་བརྒྱ་ཆའི་ང་ལྔའི་ཚད་གཞི་ལྟར་རྣམ་གྲངས་ང་གཅིག་ལག་བསྟར་བྱས། གྲོང་གསེབ་དར་སྤེལ་ལ་དམིགས་ཏེ། ཞིང་ཕྱུགས་ལས་རིགས་སྤུས་ཚད་མཐོན་པོའི་གོང་དུ་སྤེལ་བ།ཞིང་འབྲོག་ཁུལ་གྱི་བདེ་སྡོད་ལས་རིགས། ཞིང་འབྲོག་མི་དམངས་ཀྱི་འབྱོར་ཕྱུག་འཚོ་བ་བཅས་ལ་སྟོབས་ཤུགས་གཅིག་སྡུད་ཀྱིས་སྐུལ་འདེད་བཏང་ནས། ཉིས་སྟོང་ཉེར་གཉིས་ལོའི་གྲོང་གསེབ་དར་སྤེལ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་གཙོ་གནད་བྱ་བ་ལེགས་པོར་སྒྲུབ་པའི་ལག་བསྟར་བསམ་འཆར་སོགས་འབྲེལ་ཡོད་སྲིད་ཇུས་བཏོན་ནས། གྲོང་གསེབ་དར་སྤེལ་གྱི་ཕྱོགས་ཡོངས་སྐུལ་འདེད་ལ་རྨང་གཞི་བཏིང་།

ལས་ཞུགས་རྒྱ་སྐྱེད་པའི་ཕྱོགས་ནས། ཕྱི་རུ་ལས་ཀ་བྱེད་དུ་འགྲོ་བ་སྐོར་ཅིག་དང་། རང་ས་གནས་ནས་བསྡུ་ལེན་བྱས་པ་སྐོར་ཅིག། སྤྱི་ཕན་ལས་གནས་བཙུགས་ནས་བཀོད་སྒྲིག་བྱེད་པ་སྐོར་ཅིག་བཅས་ལ་བརྟེན་ནས། ཁུལ་ཡོངས་ཀྱི་དབུལ་ཐར་ཁྱིམ་ཚང་དང་ཕྱིར་དབུལ་བོར་འགྱུར་སླ་བའི་དབུལ་ཁྱིམ་གྱི་ལོ་ཧྲིལ་བོའི་ལས་ཞུགས་མི་གྲངས་ཁྲི་བཞི་དང་སྟོང་བཞི་ལ་སླེབས་པ་དང་། མི་རེའི་ཆ་སྙོམས་ཡོངས་འབབ་སྒོར་སྟོང་བརྒྱད་དང་དགུ་བརྒྱའི་ཡན་སླེབས། སྡེ་བའི་ཐུན་མོང་དཔལ་འབྱོར་དེ་ཡོངས་འབབ་འཕར་སྣོན་བྱེད་པའི་སྒུལ་ནུས་གསར་བར་སྒྱུར་ཏེ། ཁུལ་ཡོངས་ཀྱི་དབུལ་ཕོངས་སྡེ་བ་བརྒྱ་དང་བཞི་ཡིས་ཉི་འོད་ནུས་པའི་གློག་འདོན་ས་ཚིགས་ལ་བརྟེན་པ་དང་། དབུལ་ཕོངས་མིན་པའི་སྡེ་བ་བརྒྱ་དང་ང་བཞི་ཡིས་སྡེ་བའི་མ་དངུལ་སྒོར་ས་ཡ་གཅིག་བཏང་སྟེ་སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་སྣ་མང་རང་བཞིན་འཕེལ་རྒྱས་སུ་བཏང་ནས། ཡོངས་འབབ་སྒོར་འབུམ་གཅིག་ལས་བརྒལ་བའི་སྲིད་འཛིན་སྡེ་བ་བའི་བསྡུར་ཚད་བརྒྱ་ཆའི་རེ་དགུ་ལ་སླེབས།

རིག་འཛིན་སྒྲོལ་མས་བསྒྱུར།