ཞིང་ཆེན་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གི་ཞིང་ཆེན་ཡོངས་ཀྱི་ཀྲུང་དབྱང་སྔོན་རྩིས་ནང་གི་དངུལ་གཏོང་འཆར་གཞིའི་ལག་བསྟར་གནས་ཚུལ་ལ་རྗེས་འདེད་གདེང་འཇོག་བྱས།
ཟླ་དང་པོའི་ཚེས་བཅུ་དགུ་ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་ནས་རྒྱུན་ལོན་བྱུང་བ་ལྟར་ན། ཀྲུང་དབྱང་སྔོན་རྩིས་ནང་གི་དངུལ་གཏོང་རྣམ་གྲངས་འཛུགས་སྐྲུན་གྱི་འཕེལ་རིམ་ཇེ་མགྱོགས་སུ་གཏོང་བ་དང། ཀྲུང་དབྱང་སྔོན་རྩིས་ནང་གི་དངུལ་གཏོང་ཀྱི་གཏན་འཇགས་དངུལ་གཏོང་དང་བརྟན་པོའི་འཕར་སྣོན་གྱི་ནུས་པ་གལ་ཆེན་སྔར་ལས་འདོན་སྤེལ་གང་ལེགས་བྱེད་ཆེད། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་ཡོངས་ཀྱི་ས་ཁུལ་སོ་སོའི་ཀྲུང་དབྱང་སྔོན་རྩིས་ནང་གི་དངུལ་གཏོང་འཆར་གཞི་ལག་བསྟར་གནས་ཚུལ་ཐད་ནས་རྗེས་འདེད་གདེང་འཇོག་བྱས་ཏེ། ཀྲུང་དབྱང་སྔོན་རྩིས་ནང་གི་དངུལ་གཏོང་གནད་ཁེལ་ཚད་དང་། ལེགས་འགྲུབ་ཚད། མ་དངུལ་གཏོང་ཚད་སོགས་ཀྱི་གནད་འགག་བྱ་བ་ལེགས་འགྲུབ་གནས་ཚུལ་ལ་དབྱེ་ཞིབ་བྱས། ཉིས་སྟོང་ཉེར་གཅིག་ལོར་ཞིང་ཆེན་ཡོངས་ཀྱི་ཀྲུང་དབྱང་སྔོན་རྩིས་ནང་གི་དངུལ་གཏོང་གནད་ཁེལ་ཚད་བརྒྱ་ཆའི་བརྒྱ་དང་། ཀྲུང་དབྱང་སྔོན་རྩིས་ནང་གི་དངུལ་གཏོང་ལེགས་འགྲུབ་ཚད་བརྒྱ་ཆའི་གྱ་གསུམ་དང་གྲངས་ཆུང་བཞི་གསུམ། མ་དངུལ་གཏོང་ཚད་བརྒྱ་ཆའི་རེ་དགུ་དང་གྲངས་ཆུང་བཞི་ལྔ་རེད།
རྗེས་འདེད་ལྟ་ཞིབ་དང་གདེང་འཇོག་བྱེད་པའི་སྣ་མང་གི་དབྱེ་ཞིབ་བྱེད་ཐབས་བརྒྱུད། ཞིང་ཆེན་ཡོངས་ཀྱི་ས་ཁུལ་སོ་སོའི་འབྲེལ་ཡོད་དམིགས་ཚད་ལེགས་འགྲུབ་ཀྱི་ཚད་མངོན་གསལ་གྱིས་ཇེ་མཐོར་བྱིན་ཡོད། ཀྲུང་དབྱང་སྔོན་རྩིས་ནང་གི་དངུལ་གཏོང་བྱ་བའི་མགོ་མཇུག་བར་གསུམ་གྱི་ལྟ་སྐུལ་དོ་དམ་བྱ་བ་ནན་འཛིན་བྱེད་པ་དང་། ཀྲུང་དབྱང་སྔོན་རྩིས་ནང་གི་དངུལ་གཏོང་རྣམ་གྲངས་མྱུར་དུ་དངོས་འབེབས་བྱེད་པར་སྐུལ་འདེད་གཏོང་ཆེད། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་རྗེས་འདེད་ལྟ་ཞིབ་གནས་ཚུལ་གྲོང་ཁྱེར་དང་ཁུལ་སོ་སོར་བཀྲམ་སྟེ། འབྲེལ་ཡོད་ས་ཁུལ་དང་སྡེ་ཁག་གིས་རྣམ་གྲངས་ཀྱི་ཞབས་ཞུ་དང་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་བྱེད་པའི་བླང་བྱ་བཏོན།
གོ་རིམ་རྗེས་མར། ཞིང་ཆེན་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་ཀྲུང་དབྱང་སྔོན་རྩིས་ནང་གི་དངུལ་གཏོང་འཆར་གཞི་ལག་བསྟར་གནས་ཚུལ་གྱི་གདེང་འཇོག་ལྟ་སྐུལ་བྱ་བ་རྒྱུན་མཐུད་ངང་ལེགས་པོར་སྒྲུབ་རྒྱུ་ཡིན་ལ། དྲ་ལམ་ལྟ་ཞིབ་དང་། ཡུལ་དངོས་ལྟ་ཞིབ་སོགས་ཀྱི་བྱེད་ཐབས་སྤྱད་དེ་ས་ཁུལ་སོ་སོར་ཚན་རིག་དང་མཐུན་པའི་གདེང་འཇོག་བྱེད་རྒྱུ་རེད།
རིག་འཛིན་སྒྲོལ་མས་བསྒྱུར།