ད་ལོའི་ལོ་སར་སྐབས་སུ་རྒྱལ་ཡོངས་སུ་རྒྱལ་ནང་གནས་སྐོར་དང་ཕྱིའི་གནས་སྐོར་མི་ཐེངས་དུང་ཕྱུར་གསུམ་ལྷག་ལ་སླེབས།
2023.01.28 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 8

རིག་གནས་དང་གནས་སྐོར་པུའུ་ཡི་གཞི་གྲངས་ལྟེ་གནས་ཀྱིས་སྔོན་རྩིས་བྱས་པ་ལྟར་ན། ད་ལོའི་ལོ་སར་སྐབས་སུ། རྒྱལ་ཡོངས་སུ་རྒྱལ་ནང་གནས་སྐོར་དང་ཕྱིའི་གནས་སྐོར་མི་ཐེངས་དུང་ཕྱུར་གསུམ་ལྷག་ལ་སླེབས་པ་དང་དེ་སྔོན་ལོའི་དུས་མཉམ་དང་བསྡུར་ན་བརྒྱ་ཆའི་ཉེར་གསུམ་ལྷག་ཇེ་མང་དུ་སོང་ཞིང་། རྒྱལ་ནང་གནས་སྐོར་གྱི་ཡོང་སྒོ་སྒོར་ཁྲག་ཁྲིག་གསུམ་དང་ཐེར་ཆེན་བདུན་ཐེར་འབུམ་ལྔ་དུང་ཕྱུར་བརྒྱད་ལྷག་མངོན་འགྱུར་བྱས་པ་དང་། དེ་སྔོན་ལོའི་དུས་མཉམ་དང་བསྡུར་ན་བརྒྱ་ཆའི་སུམ་ཅུ་འཕར་སྣོན་བྱུང་། རྒྱལ་ཡོངས་ཀྱི་ཀ་རིམ་པའི་ལྗོངས་རྒྱུ་ས་ཁུལ་ཁྲི་གཅིག་དང་བདུན་བརྒྱ་སོ་དགུ་ཡིས་སྒོ་ཕྱེས་པ་དང་། ས་གནས་སོ་སོས་འཕྲོ་རིམ་འཕྲོར་ལྗོངས་རྒྱུ་ས་ཁུལ་གྱི་སྒོ་འཛིན་གྱི་རིན་གོང་ཇེ་ཉུང་དུ་བཏང་བ་དང་ཡང་ན་རིན་མི་ལེན་པར་བྱས་པ། རིག་གནས་དང་གནས་སྐོར་གྱི་འཛད་སྤྱོད་འཛིན་ཤོག་སྟེར་བ་སོགས་ཀྱི་དམངས་ཕན་སྲིད་ཇུས་དང་བྱེད་ཐབས་ལག་བསྟར་བྱས། ཅང་སུའུ་དང་ཨན་ཧོས་སོགས་ས་ཁུལ་གྱི་ཁྱད་ལྡན་དམངས་སྲོལ་གནས་སྐོར་དང་ཞིན་ཅང་དང་ཧེ་ལུང་ཅང་སོགས་ས་ཁུལ་གྱི་དར་ཤུད་གནས་སྐོར། དེ་མིན་ཧེ་ནན་གྱི་ཆུ་ཐོག་རོལ་རྩེད་རྣམ་གྲངས་བཅས་གུང་གསེང་སྐབས་ཀྱི་གནས་སྐོར་བས་གདམ་གསེས་བྱེད་པའི་ཁ་ཕྱོགས་གཙོ་བོ་རེད། ད་ལོའི་ལོ་སར་སྐབས་སུ་རྒྱལ་ཡོངས་ཀྱི་རིག་གནས་དང་གནས་སྐོར་ཚོང་རའི་བདེ་འཇགས་བརྟན་བརླིང་དང་གོ་རིམ་ལྡན་པ་ཞིག་རེད།

                                                                                                   བཀྲ་ཤིས་འབུམ་གྱིས་བསྒྱུར།