མཚོ་སྔོན་གྱིས་གཙག་དྲུབ་ཐོན་ལས་ཀྱི་ཚོང་རྟགས་སྟོབས་ལྡན་འཛུགས་སྐྲུན་བྱས་ནས་གྲོང་གསེབ་དར་སྤེལ་གྱི་སྒུལ་ཤུགས་ཆེར་སྐྱེད།
2023.01.28 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 15

ཟླ་དང་པོའི་ཚེས་ཉེར་བདུན་ཉིན། གསར་འགོད་པས་མཚོ་སྔོན་གཙག་དྲུབ་གཞི་གྲངས་ཅན་དཔལ་འབྱོར་སྤྱི་ཁྱབ་པུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། 2022ལོར། མཚོ་སྔོན་གཙག་དྲུབ་སྤྱི་ཁྱབ་པུའུ་ཡིས་ཁྱད་ལྡན་ཚོང་རྟགས་འཛུགས་སྐྲུན་བྱེད་པར་དམིགས་པ་དང་། འཐབ་ཇུས་གལ་ཆེན་གཙིགས་སུ་བཟུང་ནས། མཚོ་སྔོན་གཙག་དྲུབ་ཀྱི་རྨང་གཞི་ཇེ་བརྟན་དུ་བཏང་བས། ནང་དོན་ཕུན་སུམ་ཇེ་ཚོགས་སུ་སོང་ལ། མཚོ་སྔོན་གཙག་དྲུབ་ཀྱི་ཚོང་རྟགས་ཀྱི་འགུག་ཤུགས་རྒྱུན་མ་ཆད་པར་ཇེ་དྲག་ཏུ་སོང་བ་དང་། མཚོ་སྔོན་གཙག་དྲུབ་ཐོན་ལས་འཕེལ་རྒྱས་སུ་གཏོང་བའི་ཐད་ནས་འགུལ་ནུས་ཆེན་པོ་མངོན།

2022ལོར། མཚོ་སྔོན་གཙག་དྲུབ་སྤྱི་ཁྱབ་པུའུ་བཅའ་སྡོད་གཞུང་སྒྲུབ་ཁྲུའུ་བཅུ་དྲུག་གིས་ཁྱིམ་ཚང་སྟོང་གཉིས་བརྒྱ་དང་སུམ་ཅུ་དང་དབུལ་ཐར་ཁྱིམ་ཚང་ཁྲི་གཅིག་དང་སྟོང་ལྔ་ཉིས་བརྒྱ་བཅོ་བརྒྱད་ཡང་བསྐྱར་ལས་ཞུགས་བྱེད་དུ་བཅུག་པ་དང་། ལྟ་ཞིབ་ཁྱིམ་ཚང་སྟོང་དྲུག་དང་བརྒྱད་བརྒྱ་དགུ་བཅུ་བར་དུ་ཡུན་རིང་ལས་སྣོན་ཐོན་སྐྱེད་ཉོ་ཚོང་གན་རྒྱ་བཞག སྤྱི་ཁྱབ་པུའུ་ཡི་སྣེ་ཁྲིད་འོག ཞིང་ཆེན་རིམ་པའི་མཚོ་སྔོན་གཙག་དྲུབ་གཟུགས་འདས་ཤུལ་བཞག་དབུལ་སྐྱོར་ལས་ཞུགས་བཟོ་གྲྭ་སོ་གཅིག་གི་ཁེ་ལས་ཕྲན་ཆུང་དྲུག་ཅུའི་ལོ་གསུམ་གྱི་ཉོ་ཚོང་ཡོང་སྒོ་སྒོར་དུང་ཕྱུར་གཉིས་དང་བྱེ་བ་གཉིས་ས་ཡ་གསུམ་ལ་སླེབས་ནས། ཐད་ཀར་མང་ཚོགས་ཁྲི་ལྔ་ལྷག་གི་ལས་ཞུགས་ལ་སྣེ་ཁྲིད་བྱས་པ་དང་། ལས་ཞུགས་མི་སྣ་འབུམ་གཅིག་ལྷག་ལ་སྐུལ་འདེད་བཏང་ལ། མི་རེའི་ཟླ་རེའི་ཆ་སྙོམས་ཀྱི་ཡོང་སྒོ་སྒོར་སྟོང་གཅིག་ཡན་ལ་སླེབས། གྲོང་གསེབ་དར་སྤེལ་དང་ཞིང་ཕྱུགས་ལས་དེ་ཐོན་ལས་དང་པོ་དང་གཉིས་པ། གསུམ་པ་བཅས་དང་མཉམ་བསྲེས་བྱེད་པའི་ཁྲོད་ཀྱི་ནུས་པ་སྔར་ལས་ཆེས་ཆེར་མངོན་ཡོད། མཚོ་སྔོན་གྱི་གཙག་དྲུབ་གཙག་མཁན་འབུམ་གསུམ་གྱི་སྲུང་སྐྱོང་ལས་ཁུངས་ཡིན་པའི་ཆ་ནས། མཚོ་སྔོན་གཙག་དྲུབ་སྤྱི་ཁྱབ་པུའུ་ཡིས་ཞབས་ཞུའི་འགན་ནུས་ཇེ་དྲག་ཏུ་བཏང་བ་དང་། མཚོ་སྔོན་གྱི་གཙག་དྲུབ་གཙག་མཁན་སྤྱི་ཁྱབ་ཏུ་ནང་འདྲེན་བྱས་ལ། མནའ་འབྲེལ་མ་ལག་ལམ་ལུགས་བཙུགས་པ་དང་། ཞབས་ཞུའི་ནང་དོན་འཐུས་ཚང་དུ་བཏང་ལ། ལྟ་སྐུལ་དང་དོ་དམ་ལ་ཤུགས་བསྣན་པ་དང་། ཞིང་ཆེན་ཡོངས་ཀྱི་གཙག་དྲུབ་ལས་རིགས་རྩལ་ནུས་འགྲན་སྡུར་དང་གཟུགས་འདས་རིག་གནས་དུས་ཆེན་གྱི་འགྲེམ་འཁྲབ། ཞིང་ཆེན་ལུས་རྩལ་གྲོས་ཚོགས་སོགས་བྱ་འགུལ་ཐེངས་ཉི་ཤུ་ལྷག་རྩ་འཛུགས་བྱས་ནས་བསྒྲུབས་པ་དང་འགན་སྒྲུབ་བྱས་ལ། ནང་འདྲེན་འགྲེམ་ཚོགས་དང་མཚོ་སྔོན་གཙག་དྲུབ་སྒྱུ་རྩལ་འགྲེམ་ཚོགས་སོགས་རིགས་མི་འདྲ་བའི་འགྲེམ་ཚོགས་དང་བྱ་འགུལ་ཐེངས་ལྔ་བཅུ་སྤེལ་བ་དང་། མཚོ་སྔོན་གྱི་གཙག་དྲུབ་དེ་ཨོ་མིན་དང་ཡུན་ནན། ཅང་སུའུ། ཧེ་ནན་སོགས་ཞིང་ཆེན་བཅུ་ལྷག་ནས་འགྲེམ་སྟོན་བྱས་ཏེ། སྤྱི་ཚོགས་ཀྱི་ཚུར་སྣང་ཆེན་པོ་ཐོབ། འགྲེམ་ཚོགས་སྟེང་གྲོས་མོལ་ཚོང་གཏམ་དང་འབྲེལ་མཐུད་བྱས་པ་བརྒྱུད་དེ། ཁེ་ལས་མང་པོ་དང་ཡུལ་དངོས་ནས་གྲོས་མཐུན་བཀོད་པ་དང་། གྲོས་མཐུན་བཀོད་པའི་གཙག་དྲུབ་ཐོན་སྐྱེད་ལས་གཞིའི་མ་དངུལ་སྒོར་ཧ་ལམ་དུང་ཕྱུར་གཉིས་དང་བྱེ་བ་གཉིས་ས་ཡ་བརྒྱད་ལ་སླེབས་ཤིང་། གྲོས་མཐུན་བཀོད་པའི་ལས་གཞིའི་ཁྲོད་མཚོ་སྔོན་གྱི་གཙག་དྲུབ་རིགས་ཀྱི་ལྭ་བ་དང་ལྷམ། རྒྱབ་ཁུག ལག་ཤུབས་སོགས་ཀྱི་ཞིབ་འཇུག་གསར་སྤེལ་དང་ལས་སྣོན་ཐོན་སྐྱེད་སོགས་འདུ།

རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་གཙག་དྲུབ་སྤྱི་ཁྱབ་པུའུ་ཡིས་གཟུགས་འདས་རིག་གནས་སྔར་ལས་དར་སྤེལ་གཏོང་བ་དང་། རིག་གནས་ཐོན་ལས་ཀྱི་སེམས་ཤུགས་ཆེན་པོ་ཆེར་བསྐྱེད་དེ། མཚོ་སྔོན་གྱི་གཙག་དྲུབ་ཀྱིས་དུས་རབས་གསར་བའི་ནང་གསོན་ཤུགས་སྔར་ལས་ཆེན་པོ་མངོན་པར་བྱས་ནས། གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བ་དང་ཞིང་ལས་ཞིང་སྡེ་དེང་རབས་ཅན་མྱུར་དུ་འཕེལ་རྒྱས་སུ་གཏོང་བའི་སྒུལ་ཤུགས་སུ་འགྱུར་བར་བྱེད་རྒྱུ་རེད།