ལོ་སར་སྐབས་སུ་རྒྱལ་ཡོངས་སུ་གནོད་འཚེའི་དོན་རྐྱེན་ཚབས་ཆེན་གཅིག་ཀྱང་མ་བྱུང་།
2023.01.28 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 17

གསར་འགོད་པས་འཕྲལ་བསྟུན་དོ་དམ་པུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ལོ་སར་སྐབས་སུ་རིམ་པ་སོ་སོའི་འཕྲལ་བསྟུན་དོ་དམ་ལས་ཁུངས་ཕྱོགས་བསྡུས་ས་ཁུལ་དང་གནས་སྐོར་ལྗོངས་རྒྱུ་ས་ཁུལ་སོགས་མི་སྣ་འདུ་འཛོམས་བྱེད་སར་སོང་ནས་བདེ་འཇགས་ཞིབ་བཤེར་ཞབས་ཞུ་བསྒྲུབས་པ་དང་། མེ་གསོད་དང་བཟོ་ལས་ཉོ་ཚོང་སོགས་ལས་རིགས་ཁྱབ་ཁོངས་ཀྱི་བདེ་འཇགས་ཉེན་ཁར་ཞིབ་བཤེར་བྱས་ལ། ཁངས་འབབ་པ་དང་རླུང་གཡུག་པའི་ནམ་ཟླའི་འཕྲལ་བསྟུན་གྲ་སྒྲིག་ནུས་པ་ཇེ་ཆེར་བཏང་བ་དང་། ས་གནས་སོ་སོས་གནོད་སེལ་དོན་རྐྱེན་གྱི་འཕྲལ་བསྟུན་རྒུད་སྐྱོབ་བྱ་བ་བཟང་བོར་སྒྲུབ་པར་མཛུབ་སྟོན་བྱས།

ཟླ་དང་པོའི་ཚེས་ཉེར་བདུན་ཉིན་གྱི་དུས་ཚོད་བཅུ་དགུའི་བར་དུ་རྒྱལ་ཡོངས་ཀྱི་བདེ་འཇགས་གནས་བབ་ཡོངས་ཁྱབ་ཏུ་བརྟན་བརླིང་ཡིན་པ་དང་གནོད་འཚེའི་དོན་རྐྱེན་ཚབས་ཆེན་གཅིག་ཀྱང་མ་བྱུང་།

                                                                                                        བཀྲ་ཤིས་འབུམ་གྱིས་བསྒྱུར།