ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་དངུལ་རྩའི་དངོས་གཉེར་མཉམ་ལས་་གཏིང་ཟབ་ཏུ་སྤེལ་ནས་རྨ་ཆུའི་བཞུར་རྒྱུད་ཀྱི་སྲུང་སྐྱོབ་འཕེལ་རྒྱས་ལ་སྐུལ་འདེད་བཏང་།
2023.01.30 ཁུངས། ཀློག་གྲངས། 17

ཟླ་དང་པོའི་ཚེས་ཉེར་བདུན་ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཉིས་སྟོང་ཉེར་གཉིས་ལོར། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཁབ་གསར་སྤེལ་དངུལ་ཁང་མཚོ་སྔོན་ཡན་ལག་དངུལ་ཁང་དང་མཉམ་འབྲེལ་བྱས་ཏེ། ཕན་མཐོའི་དངུལ་རྩའི་མཉམ་ལས་བྱ་བ་གཏིང་ཟབ་ཏུ་སྤེལ་ནས། ལོ་ཧྲིལ་བོར་རྨ་ཆུའི་བཞུར་རྒྱུད་ཀྱི་འབྲེལ་ཡོད་ལས་གཞིའི་ལ་སྒོར་ཐེར་ཆེན་གཅིག་དང་ཐེར་འབུམ་གཅིག་དུང་ཕྱུར་ལྔ་བྱེ་བ་ལྔ་ཡི་དངུལ་བུན་བསྐྱིས་ནས། རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དངུལ་རྩའི་སྟོབས་ཤུགས་ཀྱིས་འདེགས་སྐྱོར་བྱས། 

  དེའི་ཁྲོད་ཟི་ལིང་གྲོང་ཁྱེར་ལ་སྒོར་ཐེར་འབུམ་བཞི་དང་དུང་ཕྱུར་དྲུག་བྱེ་བ་གཅིག་ས་ཡ་གསུམ་དང་། མཚོ་ཤར་གྲོང་ཁྱེར་ལ་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་བཞི་བྱེ་བ་དགུ་ས་ཡ་གཉིས། མཚོ་ལྷོ་ཁུལ་ལ་སྒོར་ཐེར་འབུམ་གསུམ་དང་དུང་ཕྱུར་བདུན་བྱེ་བ་བཞི་ས་ཡ་གསུམ། མཚོ་བྱང་ཁུལ་ལ་སྒོར་དུང་ཕྱུར་བདུན་དང་ས་ཡ་དགུ། རྨ་ལྷོ་ཁུལ་ལ་སྒོར་དུང་ཕྱུར་བཞི་དང་ས་ཡ་གཉིས་བྱེ་བ་གསུམ། མགོ་ལོག་ཁུལ་ལ་སྒོར་དུང་ཕྱུར་ལྔ་དང་ས་ཡ་བདུན་བཅས་བསྐྱིས་ནས། གཙོ་བོ་འཇུ་ལག་ཆུ་བོ་ཙོང་ཆུར་འདྲེན་པ་དང་། ཟི་ལིང་ནས་ཧུའུ་ཀྲུའུ་བར་གྱི་གཞུང་ལམ་གྱི་རྨང་གཞིའི་སྒྲིག་ཆས་གལ་ཆེན་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བཅས་ཀྱི་ཕྱོགས་སུ་སྒྱུར་བཀོད་བྱས་ནས། མཚོ་སྔོན་གྱི་རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་།   

  སྐལ་བཟང་རྣམ་རྒྱལ་གྱིས་བསྒྱུར།