མཚོ་སྔོན་ཞིང་ཆེན་གྱི་ལུས་རྩལ་པ་ཀླུ་མོ་མཚོས་དབྱི་ཐ་ལིའི་གོམ་འགྲན་འགྲན་ཚོགས་སྟེང་ཨང་དང་པོ་བླངས།
བཀྲ་ཤིས་གཡང་འབུམ་གྱིས་སྐྱེས་པའི་སྤྱི་ལེ་ཉི་ཤུའི་གོམ་འགྲན་གྱི་ཨང་དྲུག་པ་བླངས།
ཟླ་དང་པོའི་ཚེས་ཉེར་དགུ་ཉིན། དབྱི་ཐ་ལིའི་ཞི་ཞི་ལིས་གླིང་ཕྲན་ནས་བསྒྲགས་པའི་གནས་ཚུལ་ལྟར་ན། དབྱི་ཐ་ལིའི་གོམ་འགྲན་འགྲན་ཚོགས་སྟེང་མཚོ་སྔོན་ཞིང་ཆེན་ལུས་རྩལ་བྱ་བའི་རུ་ཆེན་དང་པོའི་ལུས་རྩལ་པ་ཀླུ་མོ་མཚོ་དུས་ཚོད་གཉིས་དང་སྐར་མ་ཞེ་དྲུག་སྐར་ཆ་བརྒྱད་ལ་བརྒྱུགས་ནས་བུད་མེད་ཀྱི་སྤྱི་ལེ་སོ་ལྔའི་གོམ་འགྲན་གྱི་ཨང་དང་པོ་བླངས་པ་དང་། བཀྲ་ཤིས་གཡང་འབུམ་དུས་ཚོད་གཅིག་དང་སྐར་མ་ཉེར་དགུ་སྐར་ཆ་བཅུ་གསུམ་ལ་བརྒྱུགས་ནས་སྐྱེས་པའི་སྤྱི་ལེ་ཉི་ཤུའི་གོམ་འགྲན་གྱི་ཨང་དྲུག་པ་བླངས།
བཀྲ་ཤིས་འབུམ་གྱིས་བསྒྱུར།