རང་ཞིང་གིས་ཁྱིམ་ཚང་ཁྲི་བཞི་ཡི་སྡོད་ཁང་ཆ་རྐྱེན་ལེགས་སྒྱུར་བྱ་རྒྱུ་རེད། 
2023.01.31 ཁུངས། ཀློག་གྲངས། 17

ཟླ་དང་པོའི་ཚེས་དགུ་ཉིན། ཞིང་ཆེན་སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། རང་ཞིང་གིས་མཁར་གྲོང་གི་གཞིས་ཁུལ་རྙིང་བ་ཁྲི་གསུམ་དང་སྟོང་བཞི་སྒྱུར་བཀོད་བྱས་ཏེ། ཁྱིམ་ཚང་ཁྲི་བཞི་ཡི་སྡོད་ཁང་གི་ཆ་རྐྱེན་ལེགས་སྒྱུར་བྱ་རྒྱུ་རེད། 

   མཚོ་སྔོན་ཞིང་ཆེན་གྱིས་སྡོད་ཁང་ཧབ་ཚོང་མི་བྱེད་པ་རྒྱུན་འཁྱོངས་བྱས་ནས། རྩ་འཛིན་རང་བཞིན་དང་ལེགས་སྒྱུར་རང་བཞིན་གྱི་སྡོད་ཁང་དགོས་མཁོ་ལ་གྲོང་ཁྱེར་རེ་ལ་བྱེད་ཐབས་རེ་ལྟར་དུ་རྒྱབ་སྐྱོར་བྱས་ཏེ། སྡོད་ཁང་འཛད་སྤྱོད་ཀྱི་སྦས་ཤུགས་སྔོག་འདོན་བྱས་ནས། སྡོད་ཁང་འཛད་སྤྱོད་ཀྱི་དགོས་མཁོ་བསྐྱེད་དེ། ཁྲོམ་རའི་སྔོན་དཔག་དང་ཡིད་ཆེས་མཐོར་འདེགས་སུ་གཏོང་རྒྱུ་རེད། གསར་དུ་ལག་བསྟར་བྱེད་པའི་འགན་སྲུང་རང་བཞིན་གྱི་གླ་གཏོང་སྡོད་ཁང་གི་ལས་གཞི་ཡིས་གྲོང་ཁྱེར་གྱི་སྡོད་དམངས་གསར་བ་དང་ན་གཞོན་ཁེ་ལས་པ་དག་གི་ཆེས་ཐོག་མའི་དོན་དངོས་ཀྱི་གནད་དོན་ལ་རྐང་བཙུགས་ནས། བྱེད་ཐབས་སྣ་མང་བརྒྱུད་ནས། གླ་རིན་དམའ་ཞིང་སྤུས་ཚད་མཐོ་བའི་འགན་སྲུང་རང་བཞིན་གྱི་ཁང་བ་སྐོར་ཞིག་འཛུགས་སྐྲུན་བྱས་ནས། ཁོ་ཚོར་ཁང་བ་གླ་རྒྱུ་ཡོད་པ་དང་། གླ་ཐུབ་པ། ཐག་ཉེ་ནས་གླ་ཐུབ་པ། བརྟན་འཇགས་ཀྱིས་གླ་ཐུབ་པ། ཁང་བ་ལེགས་པོ་གླ་ཐུབ་པ་བཅས་ཀྱི་འགན་སྲུང་བྱ་བ་ལེགས་པོར་སྒྲུབ་རྒྱུ་རེད། 

དུས་མཉམ་དུ། རང་ཞིང་གིས་ཞན་ཆ་གསབ་ནས། གནས་སྡོད་དང་ལས་གཉེར་ལ་འཚམ་པའི་མཛེས་སྡུག་གི་ཞིང་སྡེ་འཛུགས་སྐྲུན་བྱས་པ་དང་། ཞིང་འབྲོག་མང་ཚོགས་ཀྱི་སྡོད་ཁང་བདེ་འཇགས་ལྟ་སྐུལ་རྐྱེན་སྲོལ་བཙུགས་ཏེ་འཐུང་ཚང་དུ་བཏང་ལ། ཞིང་སྡེའི་ཉེན་ཁང་སྒྱུར་བཀོད་དང་ས་ཡོམ་འབྱུང་སླ་སའི་སྡོད་ཁང་ལ་ཡོམ་འགོག་སྒྱུར་བཀོད་བྱ་བ་ལག་བསྟར་བྱེད་རྒྱུ་རེད། མཐོ་སྒང་གི་མཛེས་པའི་ཞང་གྲོང་སུམ་བརྒྱ་ཡི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས། གྲོང་གསེབ་དར་སྤེལ་དང་ཞིང་སྡེ་འཛུགས་སྐྲུན་གཉིས་ཟུང་འབྲེལ་བྱས་ཏེ། ཞིང་གྲོང་དང་འབྲེལ་བའི་ལས་གཞིའི་མ་རྩ་མཉམ་བསྡུ་བྱས་ནས། སྡེ་བའི་རྨང་གཞིའི་སྒྲིག་ཆས་དང་སྤྱི་བའི་ཞབས་ཞུའི་སྒྲིག་ཆས་ལེགས་སྒྱུར་བྱེད་རྒྱུ་རེད། 

 སྐལ་བཟང་རྣམ་རྒྱལ་གྱིས་བསྒྱུར།