ཉེ་བའི་ལོ་འགའི་རིང་། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གཙོས་གྲོང་ཁྱེར་གྱིས་གྲོང་གསེབ་དར་སྤེལ་ཐོན་ལས་ཀྱི་འཕེལ་རྒྱས་མ་ལག་བསྐྲུན་པའི་ལོ་ལྔའི་འགུལ་སྐྱོད་སྤེལ་ནས། ནོར་ལུག་དང་གཟན་ཆས། སྨན། ཀི་ཏི་ཤ་མོང་སོགས་ཁྱད་ལྡན་ཐོན་ལས་ཆེན་མོ་དྲུག་ཧུར་ཐག་གིས་འཕེལ་རྒྱས་སུ་བཏང་བ་དང་། ནུས་ཤུགས་ཡོད་རྒུས་གཙོས་མཁར་གྱི་ཤར་དང་ལྷོ། བྱང་བཅས་ཀྱི་ཐོན་ལས་ས་ཁོངས་ཆེན་པོ་གསུམ་བསྐྲུན་ནས་དུས་ནམ་ཡང་དེང་རབས་རོང་འབྲོག་དང་རིག་གནས་ཡུལ་སྐོར་གྱི་ཐོན་ལས་ཆེན་པོ་གཉིས་ཀྱི་གོ་གནས་མི་འགྱུར་བ་རྒྱུན་བསྐྱངས་ཏེ་སྐྱེ་ཁམས་མཛེས་ཤིང་ཐོན་ལས་དར་བ། དམངས་རྣམས་ཕྱུག་པའི་སྤུས་ལེགས་འཕེལ་རྒྱས་ཀྱི་ལམ་གསར་བར་འབད་པས་བསྐྱོད་ཡོད།
ད་ལྟ། གཙོས་གྲོང་ཁྱེར་གྱིས་ཆགས་གནས་ཀྱི་དགེ་མཚན་དང་ཁྱད་དུ་འཕགས་པའི་ས་ཁམས་ཁོར་ཡུག་ལ་བརྟེན་ནས་མཛོ་དགེ་རྩྭ་ཐང་མཛེས་ལྗོངས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལས་གཞི་དང་ཁ་གྱ་སྨད་ཀྱི་ཡུལ་སྐོར་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལས་གཞི་ལེགས་འགྲུབ་བྱུང་། ཁ་གྱ་སྨད་ཀྱིས་རྒྱལ་ཁབAགསུམ་རིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་གསར་དུ་བཙུགས་པ་དང་། དུང་ཕྲུག་གླིང་གའི་དམངས་ཁྱིམ་མགྲོན་ཁང་རྩེ་གྲ་ཅན་དང་ཧུའེ་ཞིང་དམངས་ཁྱིམ་མགྲོན་ཁང་གི་ལས་གཞི་སྔ་གཞུག་ཏུ་ལས་འགོ་བརྩམས། ཀླུ་ཤོད་ནང་ཡུལ་སྐོར་རྨང་གཞི་འཛུགས་སྐྲུན་ལས་གཞི་དང་ཤམ་བྷ་ལ་མཐོ་སྒང་སྐྱེ་ཁམས་མཛེས་ལྗོངས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལས་གཞི། གཙོས་གྲོང་ཁྱེར་རླངས་འཁོར་འབབ་ཚིགས་འཛུགས་སྐྲུན་བཅས་བརྟན་འཇགས་ངང་སྤེལ་བཞིན་ཡོད། གཙོས་གྲོང་ཁྱེར་གྱི་དཔེ་མཛོད་ཁང་དེ་ན་ནིང་གི་ཟླ་དགུ་པའི་ཚེསགཅིག་ཉིན་གྲོང་ཁྱེར་བ་རྣམས་ལ་གླ་མི་ལེན་པར་དངོས་སུ་སྒོ་ཕྱེ་ནས། ཀློག་པ་པོ་རྣམས་ལ་དཔེ་ཆ་གཡོར་བའི་ཞབས་ཞུ་སྔར་བས་སྟབས་བདེ་དང་དཔེ་ཀློག་གི་ཁོར་ཡུག་སྔར་བས་བག་ཕེབས་པ་ཞིག་འདོན་སྤྲོད་བྱས།
རྗེས་ཕྱོགས་སུ། དུང་ཕྲུག་གླིང་ག་དང་ཧུའེ་ཞི་སོགས་དམངས་ཁྱིམ་མགྲོན་ཁང་རྩེ་གྲ་ཅན་འཛུགས་སྐྲུན་བྱེད་ཚད་ཇེ་མགྱོགས་སུ་གཏོང་བར་སྐུལ་འདེད་གཏོང་བ་དང་། ཞིང་སྡེ་ཡུལ་སྐོར་དཔེ་སྟོན་ཁང་འཛུགས་སྐྲུན་བྱ་བ་ལེགས་འགྲུབ་བྱེད་པ། རིག་གནས་ཡུལ་སྐོར་ལ་བརྟེན་ནས་ཞིང་སྡེ་དར་སྤེལ་གཏོང་བའི་དཔེ་སྟོན་སྡེ་བ་གསར་སྐྲུན་བྱེད་པ། ཁོངས་ཡོངས་ཀྱི་ཡུལ་སྐོར་བྱེད་པའི་རྨང་གཞིའི་སྒྲིག་བཀོད་ཆ་ཚང་བར་སྒྲིག་ཚད་མུ་མཐུད་དུ་འཐུས་ཚང་དུ་གཏོང་བ། བློ་རིག་གི་ཡུལ་སྐོར་ཞབས་ཞུ་མ་ལག་འཛུགས་སྐྲུན་བྱེད་ཚད་ཇེ་མགྱོགས་སུ་གཏོང་བ། ཞིང་སྡེ་ཡུལ་སྐོར་དེ་མཉམ་འཛུགས་མཉམ་སྤྱོད་མཉམ་རྒྱལ་བཅས་ལེགས་ཕྱོགས་སུ་འཁོར་སྐྱོད་བྱེད་པའི་སྒྲིག་སྲོལ་ཞིག་གྲུབ་པར་སྐུལ་འདེད་གཏོང་བ་བཅས་བྱ་རྒྱུ་རེད།
འཕྲིན་གཏོང་བ། བདེ་སྐྱིད་འཚོ།