ཟླ་དང་པོའི་ཚེས་སོ་གཅིག་ཉིན། ཞིང་ཆེན་ཡོངས་ཀྱི་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་བྱ་བའི་གྲོས་ཚོགས་སྟེང་དམངས་ཕན་གྱི་གཏམ་བཟང་མང་པོ་བསྒྲགས་བྱུང་།
ད་ལོ་མི་དོན་བྱ་བའི་སྔོན་དུས་འཆར་ཟིན་གྱི་དམིགས་ཚད་ནི་མཁར་གྲོང་གི་ལས་ཞུགས་ཚད་མི་ཁྲི་དྲུག་གི་ཡན་གསར་དུ་སྣོན་རྒྱུ་ཡིན་པ་དང་། ཞིང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་པ་ཚུལ་སྒྱུར་ལས་ཞུགས་བྱེད་ཚད་མི་ཐེངས་ས་ཡ་གཅིག་དང་ཁྲི་དྲུག་ལ་སླེབས་པར་བྱེད་པ་དང་། མཐོ་རིམ་མཐར་ཕྱིན་སློབ་མའི་ལས་ཞུགས་ཀྱི་ཚད་བརྒྱ་ཆའི་གྱ་ལྔའི་ཡན་ལ་སླེབས་སུ་འཇུག་རྒྱུ་ཡིན་ལ། ཁ་གསབ་རང་བཞིན་གྱིས་ལས་རིགས་རྩལ་ནུས་གསོ་སྦྱོང་མི་ཐེངས་འབུམ་གཅིག་ལ་བྱེད་པ་དང་། ལས་དོན་ལས་ཁུངས་ཀྱིས་མི་ཉིས་སྟོང་བརྒྱད་བརྒྱ་ཡན་བསྡུ་རྒྱུ་རེད། ཆེད་ལག་རྩལ་མི་སྣ་དང་། མཐོ་རིམ་འཇོན་མི་རིམ་པ་བཞིན་འབུམ་གཅིག་དང་ཁྲི་བརྒྱད་སྟོང་བཞི་དང་། འབུམ་ཅིག་བཅས་ལ་སླེབས་སུ་འཇུག་རྒྱུ་རེད། ངལ་རྩོལ་འགན་སྲུང་གི་ལྟ་སྐུལ་གཏུག་བཤེར་གྱོད་གཞི་བསྡུམས་ཚད་དང་། ཟླ་ཕོགས་ཆད་པའི་ཞིང་བའི་གཏུག་བཤེར་གྱི་གྱོད་གཞི་ཐག་བཅད་ཚུལ། ངལ་རྩོད་མི་དོན་གཞུང་གཅོད་ཀྱི་གྱོད་འདུམ་ཚད་བཅས་རིམ་པ་བཞིན་བརྒྱ་ཆའི་གོ་དྲུག་དང་བརྒྱ་ཆའི་གོ་བརྒྱད། བརྒྱ་ཆའི་གོ་ལྔ་བཅས་ཀྱི་ཡན་ལ་སླེབས།
སྐལ་བཟང་རྣམ་རྒྱལ་གྱིས་བསྒྱུར།