ཡུས་ཧྲུའུ་གྲོང་ཁྱེར་གྱིས་ཁུལ་ཁོངས་ཡོངས་སུ་གད་སྙིགས་མེད་པའི་སྐས་རིམ་གསར་བར་སླེབས་པར་སྐུལ་འདེད་བཏང་།
2023.02.01 ཁུངས། ཀློག་གྲངས། 13

ཉིས་སྟོང་ཉེར་གཉིས་ལོ་ནས་བཟུང་། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཡུས་ཧྲུའུ་གྲོང་ཁྱེར་གྱིས་ཕྱོགས་སོ་སོའི་གཅིག་བསྡུས་འཆར་འགོད་བྱས་ཏེ། སྡེ་ཁག་མང་པོ་མཉམ་སྒུལ་བྱས་ནས། རྒྱ་ཆེའི་མང་ཚོགས་དང་དང་བླངས་པ་ཟབ་ཞུགས་བྱེད་པར་སྐུལ་ཏེ། ཁུལ་ཁོངས་ཧྲིལ་བོར་གད་སྙིགས་མེད་པ་དང་འགྱིག་འགོག་སྙིགས་ཉུང་གི་ཆེད་དོན་འགུལ་བསྐྱོད་སྤེལ།

ཡུས་ཧྲུའུ་གྲོང་ཁྱེར་གྱིས་གྲོང་ཁྱེར་བཅོས་སྐྱོང་ཙག་ཙིག་བྱས་ཏེ། སྡེ་ཁག་སོ་སོ་དང་སྲང་ལམ། གཞིས་ཁུལ་བཅས་རྩ་འཛུགས་བྱས་ཏེ་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ཐེངས་སོ་ལྔ་བྱས་ལ། ཆུ་དཔོན་ལམ་ལུགས་ཀྱི་དཔྱད་ཞིབ་ཐབས་ལམ་ལ་བརྟེན་ནས། གཙང་བོའི་བརྒྱུད་ལམ་དང་ཟམ་པ། ཆུ་རྐ་སོགས་ཀྱི་འཚོ་བའི་གད་སྙིགས་དང་འཛུགས་སྐྲུན་གད་སྙིགས་གཙང་སེལ་བྱས་པ་མ་ཟད། གཙང་འགྲམ་གྱི་རྙོག་དྲ་བཞི་མེད་པར་བཟོ་བའི་བྱ་བར་ཕན་འབྲས་ཐོབ།

གད་སྙིགས་ཀྱི་འགོ་ཁུངས་ལ་རིགས་བགར་ནས་འགུལ་བསྐྱོད་ཇེ་ཉུང་དུ་བཏང་ལ། གྲོང་ཁྱེར་གྱིས་ས་ཁུལ་སོ་སོར་ཐོག་མའི་གད་སྙིགས་རིགས་དབྱེ་བསྡུ་གསོག་དང་རིགས་དབྱེ་སྐྱེལ་འདྲེན། རིགས་དབྱེ་ཐག་གཅོད་སོགས་ཀྱི་བྱེད་ཐབས་བརྒྱུད་ནས། ཟས་ལྷག་གད་སྙིགས་དང་འཛུགས་སྐྲུན་གད་སྙིགས། འཚོ་བའི་གད་སྙིགས་སོགས་རིགས་དབྱེ་བསྡུ་གསོག་དང་རིགས་དབྱེ་ཐག་གཅོད་བྱས། ས་ཁུལ་རེ་རེའི་གནས་ཚུལ་ལ་བསྟུན་ནས། གད་སྙིགས་རིགས་དབྱེ་ཡི་སྙིགས་སྒམ་བཞག་ཅིང་། ཁྲོམ་ར་ཅན་གྱི་ཆེད་ལས་མི་སྣ་ཕྱིར་བསྡུ་བྱེད་དུ་སོང་ནས།ཕྱིར་བསྡུ་རིགས་དབྱེ་དང་ཐེངས་གཉིས་འདོར་ལེན། བཙིར་གནོན་བཀོལ་སྤྱོད་བཅས་ཀྱི་རྣམ་པ་བརྒྱུད་ནས། གད་སྙིགས་རིགས་བཅུ་སུམ་དུ་དབྱེ་ཞིང་། ཉིན་རེར་ཐོན་སྐྱེད་བྱེད་ཅིང་སླར་ཡང་བཀོལ་སྤྱོད་བྱེད་ཆོག་པའི་ཐོན་ཁུངས་ཏུན་གསུམ་དང་གྲངས་ཆུང་ལྔ་ལ་སླེབས་ནས། ཡོང་འབབ་སྒོར་ས་ཡ་གཅིག་དང་ཁྲི་ལྔ་ལ་སླེབས། 

སྐལ་བཟང་རྣམ་རྒྱལ་གྱིས་བསྒྱུར།