ཉིས་སྟོང་ཉེར་གསུམ་ལོར་རང་ཞིང་གིས་མི་ཁྲི་དྲུག་ལྷག་ལས་ཞུགས་བྱེད་པའི་སྔོན་དཔག་དམིགས་འབེན་མངོན་འགྱུར་བྱ་རྒྱུ་རེད།
2023.02.04 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 15

ཟླ་དང་པོའི་ཚེས་སོ་གཅིག་ཉིན། གསར་འགོད་པས་ཞིང་ཆེན་ཡོངས་ཀྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་བྱ་བའི་གྲོས་ཚོགས་སྟེང་རྒྱུས་ལོན་བྱུང་བ་ལྟར་ན། ཉིས་སྟོང་ཉེར་གསུམ་ལོར་མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱིས་ཤུགས་ཆེན་པོས་ལས་ཞུགས་གཙོར་འཛིན་པའི་འཐབ་ཇུས་ལག་བསྟར་བྱས་ཏེ། སྤྱི་ཚོགས་འགན་སྲུང་མ་ལག་སྔར་ལས་འཐུས་ཚང་དུ་གཏོང་བ་དང་། འཇོན་མིར་བརྟེན་ནས་ཞིང་ཆེན་སྟོབས་ལྡན་དུ་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་པ། ཧུར་ཐག་སྒོས་འཆམ་མཐུན་ངལ་རྩོལ་འབྲེལ་བ་གསར་སྐྲུན་བྱེད་པ། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཞབས་ཞུ་ལེགས་སྒྱུར་བྱས་ནས། མཁར་གྲོང་དུ་མི་ཁྲི་དྲུག་ལྷག་ལས་ཞུགས་བྱེད་པའི་སྔོན་དཔག་དམིགས་འབེན་མངོན་འགྱུར་བྱེད་པ་དང་། རོང་འབྲོག་ཕྱོགས་སུ་ངལ་རྩོལ་པ་མི་ཐེངས་ས་ཡ་གཅིག་དང་ཁྲི་དྲུག་ལྷག་ལས་ཞུགས་བྱེད་ཐུབ་པར་བྱེད་པ། མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་ལས་ཞུགས་བྱས་ཚད་བརྒྱ་ཆའི་གྱ་ལྔ་ཡན་ལ་བསླེབ་ཏུ་འཇུག་རྒྱུ། གཞི་རྩའི་རྒན་གསོ་ཉེན་སེལ་དང་ལས་ཤོར་ཉེན་སེལ། གཞུང་དོན་དུ་རྨས་པའི་ཉེན་སེལ་བཅས་ཉེན་སེལ་ཁྲོད་ཞུགས་པའི་མི་གྲངས་སོ་སོར་ས་ཡ་བཞི་དང་འབུམ་བཞི་ཁྲི་གཅིག འབུམ་དྲུག་དང་ཁྲི་ལྔ་ལྷག ས་ཡ་གཅིག་དང་འབུམ་གཅིག་ཁྲི་དྲུག་ལྷག་ལ་བསླེབ་ཏུ་འཇུག་རྒྱུ་རེད།

                                                                                    བཀྲ་ཤིས་འབུམ་གྱིས་བསྒྱུར།