ཉིས་སྟོང་ཉེར་གཉིས་ལོར་མཚོ་སྔོན་གྱི་དབུལ་ཐར་མང་ཚོགས་ཀྱི་ཡོང་སྒོ་ཆ་སྙོམས་ཀྱིས་སྒོར་ཁྲི་གཅིག་དང་སྟོང་གསུམ་ལ་སླེབས།
2023.02.05 ཁུངས། ཀློག་གྲངས། 53

ཟླ་གཉིས་པའི་ཚེས་གསུམ་ཉིན། གསར་འགོད་པས་ཞིང་ཆེན་ཡོངས་ཀྱི་གྲོང་གསེབ་དར་སྤེལ་ཅུའུ་ཀྲང་བྱ་བའི་གྲོས་ཚོགས་སྟེང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཉིས་སྟོང་ཉེར་གཉིས་ལོར་མཚོ་སྔོན་གྱིས་གནས་གཞི་འཛུགས་སྐྲུན་དང་། ཞིང་ཕན་མཉམ་འབྲེལ་གྱི་བྱ་བ་སྒྲུབ་ཤུགས་ཇེ་དྲག་ཏུ་བཏང་ནས། མང་ཚོགས་ཀྱི་ཡོང་སྒོ་སྔར་མེད་འཕར་སྣོན་ཡོང་བར་སྐུལ་ཁྲིད་བྱས་པ་དང་། ལས་རྐང་བརྟན་འཇགས་སུ་གཏོང་བའི་སྐོར་གཅིག་ཅན་དྲུག་གི་འགུལ་སྐྱོད་ཏན་ཏིག་གིས་སྤེལ་ནས། དབུལ་ཐར་མང་ཚོགས་དང་ལྟ་བཤེར་ཁ་གཏད་མི་སྣའི་གཞི་རྒྱ་དེ་མི་འབུམ་གཉིས་དང་ཁྲི་གཅིག་སྟོང་དྲུག་ལ་སླེབས་ཤིང་། དབུལ་ཐར་མང་ཚོགས་ཀྱི་ལོ་ཧྲིལ་བོའི་ཡོང་འབབ་ཆ་སྙོམས་ཀྱིས་སྒོར་ཁྲི་གཅིག་སྟོང་གསུམ་སོ་ལྔ་ལ་སླེབས་པ་དང་། དུས་མཉམ་དང་བསྡུར་ན་བརྒྱ་ཆའི་དགུ་གྲངས་ཆུང་ལྔ་འཕར། ཞིང་ཆེན་ཡོངས་ཀྱི་ཞིང་འབྲོག་མང་ཚོགས་ཀྱིས་གཏོང་སྤྲོད་བྱས་ཆོག་པའི་ཡོང་འབབ་བརྒྱ་ཆའི་གསུམ་དང་གྲངས་ཆུང་གཉིས་འཕར། 

 སྐལ་བཟང་རྣམ་རྒྱལ་གྱིས་བསྒྱུར།