ཉིས་སྟོང་ཉེར་གསུམ་ལོར། མཚོ་སྔོན་ཞིང་ཆེན་གྱིས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་དང་ཐོན་ལས་གནས་བཞི་འཛུགས་སྐྲུན་གྱི་མཐའ་བསྐོར་ནས། མཚོ་སྔོན་ཁུལ་ཁོངས་ཀྱི་རྨ་ཆུའི་བཞུར་རྒྱུད་དུ་སྒོར་ཐེར་ཆེན་གཅིག་གི་དངུལ་བུན་གཏོང་རྩིས་ཡོད་ལ། སྔོན་རྩིས་ལྟར་ན་ལས་གཞིའི་སྤྱིའི་དངུལ་གཏོང་གི་སྒོར་གྲངས་ཐེར་ཆེན་གཉིས་ལས་བརྒལ་རྒྱུ་རེད།
སྐྱེ་ཁམས་སྲུང་སྐྱོབ་ངོས་ནས། ཆུ་བེད་དང་གད་སྙིགས་བཙོག་ཆུ་ཐག་གཅོད། ཆུ་མཁོ་སྤྲོད། རྨ་ཆུ་ཟི་ལིང་དུ་འདྲེན་པ་སོགས་ཀྱི་ལས་གཞི་གལ་ཆེན་ཐད་དངུལ་རྩས་རྒྱབ་སྐྱོར་བྱེད་རྒྱུ་རེད། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཕྱོགས་ནས། འགྲིམ་འགྲུལ་རྨང་གཞིའི་སྒྲིག་ཆས་དང་གྲོང་གསེབ་དར་སྤེལ། གསར་དར་མཁར་གྲོང་ཅན། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས། རྨ་ཆུའི་སྟོད་རྒྱུད་ཀྱི་རླུང་འོད་གློག་ནུས་ཀྱི་རྟེན་གཞི་འཛུགས་སྐྲུན་དང་། ཆུ་འདོན་ཆུ་གསོག་སོགས་ཀྱི་ཁྱབ་ཁོངས་གཙོ་བོར་རྒྱབ་སྐྱོར་བྱས་ཏེ། རྒྱལ་ཁབ་ནུས་ཁུངས་གསར་བའི་ཐོན་ལས་མཐོ་ས་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་རྒྱུ་རེད།
གོ་རིམ་རྗེས་མར། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཁབ་གསར་སྤེལ་དངུལ་ཁང་མཚོ་སྔོན་ཡན་ལག་དངུལ་ཁང་ལ་དངུལ་རྩའི་མཉམ་འབྲེལ་གཏིང་ཟབ་བྱས་ཏེ། སྒོ་འབྱེད་རང་བཞིན་གྱི་དངུལ་གཏོང་གིས་ལྟེ་བའི་ཁྱབ་ཁོངས་སུ་ནུས་པ་འདོན་སྤེལ་བྱེད་དུ་བཅུག་ནས། ཉམ་ཞན་གྱི་གནས་དང་གནད་འགག་དུས་སྐབས་ཀྱི་བྱེད་ནུས་ཇེ་ལེགས་སུ་བཏང་ནས། སྲིད་ཇུས་དང་བསྟུན་ནས་ཕན་མཐོ་དངོས་གཉེར་གྱི་དངུལ་རྩའི་མཉམ་ལས་བྱ་བ་སྤེལ་རྒྱུ་རེད།
སྐལ་བཟང་རྣམ་རྒྱལ་གྱིས་བསྒྱུར།