མཚོ་སྔོན་ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཞིང་ཆེན་ཡོངས་ཀྱི་ཁེ་ལས་ལ་རོགས་སྐྱོར་བྱེད་པ་དང་དྲོད་ཁོལ་སྐྱེལ་བའི་དཔྱིད་རླུང་འགུལ་སྐྱོད་ཀྱི་ཁེ་ལས་པའི་བཞུགས་མོལ་ཚོགས་འདུའི་དགོངས་དོན་ལག་བསྟར་བྱེད་པའི་ཆེད་དོན་གྲོས་ཚོགས་བསྡུས།
2023.02.05 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 20

ཟླ་གཉིས་པའི་ཚེས་གསུམ་ཉིན། ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཞིང་ཆེན་ཡོངས་ཀྱི་ཁེ་ལས་ལ་རོགས་སྐྱོར་བྱེད་པ་དང་དྲོད་ཁོལ་སྐྱེལ་བའི་དཔྱིད་རླུང་འགུལ་སྐྱོད་ཀྱི་ཁེ་ལས་པའི་བཞུགས་མོལ་ཚོགས་འདུའི་དགོངས་དོན་ལག་བསྟར་བྱེད་པའི་ཆེད་དོན་གྲོས་ཚོགས་བསྡུས།

ཚོགས་ཐོག་ཏུ། ཁེ་ལས་པའི་འཐུས་ཚབ་དྲུག་གིས་བརྗེ་རེས་གཏམ་བཤད་སྤེལ། ཚང་མས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཚད་གཞི་མཐོན་པོས་ཞིང་ཆེན་ཡོངས་ཀྱི་ཁེ་ལས་ལ་རོགས་སྐྱོར་བྱེད་པ་དང་ཁེ་ལས་ལ་དྲོད་ཁོལ་སྐྱེལ་བའི་དཔྱིད་རླུང་འགུལ་སྐྱོད་ཀྱི་ཁེ་ལས་པའི་བཞུགས་མོལ་ཚོགས་འདུ་བསྡུས་ནས། ཚང་མ་དང་མཉམ་དུ་ཇུས་བཟང་ལ་གྲོས་སྡུར་བྱས་པ་དང་འཕེལ་རྒྱས་ལ་འཆར་འགོད་བྱས། དེས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཁེ་ལས་འཕེལ་རྒྱས་ཐད་ཧ་ཅང་མཐོང་ཆེན་བྱེད་པ་མཚོན་པ་དང་། མི་འགྱངས་པར་ཕྱིར་འདོན་རྒྱུ་ཡིན་པའི་ཁེ་ལས་ལ་རོགས་སྐྱོར་བྱེད་པ་དང་ཁེ་ལས་ལ་དྲོད་ཁོལ་སྐྱེལ་བའི་ཇུས་གཞི་་ཡིས། རྒྱ་ཆེའི་དམངས་གཉེར་ཁེ་ལས་པར་སྐུལ་སློང་ཆེན་པོ་ཐེབས་པར་བྱས་ཡོད་པའི་ཚུལ་བསྟན། ཚང་མས་བསྟན་དོན། ཁེ་ལས་པའི་བཞུགས་མོལ་ཚོགས་འདུའི་དགོངས་དོན་སློབ་སྦྱོང་ནན་མོ་དང་ལག་བསྟར་བྱེད་པ་དང་། ཐོག་མའི་བསམ་འདུན་དང་ཡིད་ཆེན་ཇེ་བརྟན་དུ་གཏོང་བ། ཁེ་ལས་པའི་སྙིང་སྟོབས་དང་བཟོ་སྐྲུན་པའི་སྙིང་སྟོབས་དར་སྤེལ་གཏོང་བ། ཁེ་ལས་ཀྱི་གསར་གཏོད་ནུས་པ་ཇེ་དྲག་ཏུ་གཏོང་བ། ཁེ་ལས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བཏང་སྟེ། དམངས་གཉེར་དཔལ་འབྱོར་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བར་བརྟེན་ནས་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ཐད་ཞབས་འདེགས་བཟང་བོ་ཞུ་དགོས།

ཁེ་ལས་པའི་བཞུགས་མོལ་ཚོགས་འདུའི་དགོངས་དོན་ལག་བསྟར་བྱེད་ཆེད། ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཟླ་གཉིས་པ་རྟོག་ཞིབ་ཟླ་རུ་བརྩིས་ནས། རྟོག་ཞིབ་དང་དྲིལ་སྒྲོག་བྱས་པ་དང་། དམངས་གཉེར་ཁེ་ལས་སུ་སོང་ནས་བྲེལ་དཀའ་ཁྲལ་སྒུག་གནད་དོན་ཐད་རྒྱུས་ལོན་གསལ་བོ་བྱས། དེ་དང་མཉམ་དུ། དཔལ་འབྱོར་གྱི་་ཞབས་ཞུ་དང་བཅའ་ཁྲིམས་ཀྱི་ཞབས་ཞུ། སྤྱི་ཚོགས་ཞབས་ཞུའི་སྟེགས་བུ་ཆེན་པོ་གསུམ་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་པ་དང་། ཁེ་ལས་ལ་རོགས་སྐྱོར་བྱེད་པའི་སྲིད་ཇུས་ལག་བསྟར་བྱས་ཏེ། སྟོབས་ཤུགས་ཡོད་རྒུས་དམངས་གཉེར་ཁེ་ལས་འཕེལ་རྒྱས་སུ་གཏོང་བའི་ཐད་ཞབས་ཞུའི་འགན་སྲུང་བཟང་བོ་བསྒྲུབས། སྲིད་གཞུང་ཁེ་ལས་དང་དངུལ་ཁང་ཁེ་ལས། སློབ་གྲྭ་དང་ཁེ་ལས་ཀྱི་སྟེགས་བུ་བཙུགས་པ་དང་། ཏང་ཨུ་སྲིད་གཞུང་ལ་འབྲེལ་འདྲིས་བྱེད་པ་དང་དམངས་གཉེར་ཁེ་ལས་ལ་འབྲེལ་འདྲིས་བྱེད་པ། སྤྱི་ཚོགས་ཕྱོགས་སོ་སོར་མཉམ་འབྲེལ་བྱེད་པ། ཞིང་ཆེན་ཕྱི་ནང་ལ་འབྲེལ་འདྲིས་བྱེད་པ་བཅས་བྱས་ནས། ཏང་ཨུ་སྲིད་གཞུང་གི་ལགས་རོགས་པ་དང་རྟོག་ཞིབ་མི་སྣ་བཟང་བོ་བྱས་པ་དང་། དམངས་གཉེར་དཔལ་འབྱོར་མི་སྣའི་ཆབ་སྲིད་མཛུབ་ཁྲིད་མི་སྣ་དང་སྲིད་ཇུས་དྲིལ་སྒྲོག་པ། ཞབས་ཞུའི་འབྲེལ་འདྲིས་པ་བཟང་བོ་བྱས། བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཁོངས་གཏོགས་ཚོང་ཚོགས་ཀྱི་བཅོས་བསྒྱུར་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་དང་། ཚོང་ཚོགས་ཀྱི་ཏང་འཛུགས་བྱ་བ་རྒྱུན་མཐུད་དམ་འཛིན་བྱས།

རིན་ཆེན་མཚོས་བསྒྱུར།