​མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱིས་ང་ཚོའི་ཀྲུང་གོའི་ཕུགས་འདུན་ཞེས་པའི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཁྱིམ་ཚང་ཁྲི་ཕྲག་མང་པོར་སྐྱེལ་བའི་རིག་རྩལ་དང་བླངས་ཞབས་ཞུ་བྱ་འགུལ་སྤེལ།
2023.02.06 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 14

ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་དྲིལ་སྒྲོག་བྱེད་པ་དང་། དུས་རབས་གསར་བའི་དཔལ་ཡོན་ལག་ལེན་ལྟེ་གནས་འཛུགས་སྐྲུན་བྱེད་ཆེད། ཟླ་དང་པོའི་ཚེས་སོ་གཅིག་ཉིན་དང་ཟླ་གཉིས་པའི་ཚེས་གསུམ་ཉིན། ཟླ་གཉིས་པའི་ཚེས་བཞི་ཉིན་བཅས་ལ། མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་རིམ་པ་སོ་སོའི་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་ལ་མཉམ་འབྲེལ་བྱས་ནས་ཟི་ལིང་གྲོང་ཁྱེར་དང་རྟ་ཐང་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་། མཚོ་ཤར་གྲོང་ཁྱེར་ཕིན་ཨན་ས་ཁུལ་བཅས་ལ་སོང་ནས། ང་ཚོའི་ཀྲུང་གོའི་ཕུགས་འདུན་ཞེས་པའི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཁྱིམ་ཚང་ཁྲི་ཕྲག་མང་པོར་སྐྱེལ་བའི་རྩོམ་རིག་སྒྱུ་རྩལ་དང་བླངས་ཞབས་ཞུ་བྱ་འགུལ་སྤེལ།

ཐེངས་འདིའི་བྱ་འགུལ་གྱིས་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་རིག་རྩལ་པའི་མཐུན་ཚོགས་ཀྱི་དགེ་མཚན་འདོན་སྤེལ་གང་ལེགས་བྱས་པ་དང་། གཞི་རིམ་གྱི་ཡུལ་དངོས་སུ་སོང་ནས། རྩོམ་རིག་སྒྱུ་རྩལ་འཁྲབ་སྟོན་གྱི་རྣམ་པ་བརྒྱུད་དེ། མང་ཚོགས་ཀྱི་གོ་སླ་བའི་སྐད་ཆ་བཀོལ་ནས། རྣམ་པ་མང་བ་དང་ནང་དོན་ཕུན་སུམ་ཚོགས་པ། ས་གནས་ཀྱི་ཁྱད་ཆོས་ལྡན་པའི་རྩོམ་རིག་སྒྱུ་རྩལ་ལེ་ཚན་སྒྲིག་བཟོ་བྱས་པ་དང་། སྣང་བརྙན་ཅན་དང་འགུག་ནུས་ཅན་གྱི་རྣམ་པར་བརྟེན་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་རྩོམ་རིག་སྒྱུ་རྩལ་བརྩམས་ཆོས་ཁྲོད་འདྲེས་པར་བྱས་ལ། དགའ་དགའ་སྤྲོ་སྤྲོས་ལོ་སར་ལ་རོལ་བའི་སྣང་ཚུལ་སྟུག་པོ་གྲུབ་པར་བྱས། དེ་ལས་གཞན། མཚོ་སྔོན་ཞིང་ཆེན་པར་ལེན་པའི་མཐུན་ཚོགས་ཀྱིས་ད་དུང་རྒྱལ་ཁབ་སྤྱི་གླིང་ཞིང་ཆེན་གྱི་སྐྱེ་ཁམས་མཐོ་གནས་གསར་པ་ཞེས་པའི་མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་པར་རིས་འགྲེམ་སྟོན་བྱ་འགུལ་ཡུལ་དངོས་ནས་སྤེལ་ཏེ། ཕུན་སུམ་ཚོགས་པའི་སྒྱུ་རྩལ་བརྩམས་ཆོས་ཁྲོད་མང་ཚོགས་ཀྱི་ཐོབ་ཚོར་དང་སྐྱིད་སྣང་མཐོར་འདེགས་སུ་བཏང་།

ཉེ་བའི་ལོ་འགའི་རིང་ལ། ཞིང་ཆེན་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱིས་རྩ་འཛུགས་ཀྱི་དགེ་མཚན་དང་ཆེད་ལས་ཀྱི་དགེ་མཚན་འདོན་སྤེལ་བྱས་པ་དང་། དུས་ཚོད་དང་དུས་ཚིགས་གལ་ཆེན་གཙིགས་སུ་བཟུང་ལ། ཞིང་ཆེན་དང་གྲོང་ཁྱེར། རྫོང་བཅས་རིམ་པ་གསུམ་གྱི་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་མཉམ་འབྲེལ་བྱེད་པའི་རྒྱུན་རྣམ་ཅན་དང་ཡུན་ཕན་ཅན་གྱི་རྐྱེན་སྲོལ་ལ་སྐུལ་འདེད་བཏང་བ་དང་། རིག་རྩལ་པ་རྩ་འཛུགས་བྱས་ནས་སྡོད་ཁུལ་དང་སྡེ་བར་སོང་ནས། མང་ཚོགས་ལ་ལོ་གསར་གྱི་ཆ་ཡིག་བྲིས་པ་དང་བཟའ་མི་མཉམ་འཛོམས་ཀྱི་པར་བླངས་ལ། སྒྱུ་རྩལ་འཁྲབ་སྟོན་སོགས་ཞབས་ཞུ་འདོན་སྤེལ་བྱས། བསྐྱོད་པ་བདུན་གྱི་རྣམ་པ་གསར་གཏོད་བྱེད་པ་དང་བསྐྱོད་པ་བདུན་གྱི་གོ་དོན་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། བསྐྱོད་པ་བདུན་གྱི་བརྗོད་སྙིང་ཇེ་དྲག་ཏུ་གཏོང་བ་བཅས་བརྒྱུད་དེ། རིག་གནས་ལས་ཁུངས་སུ་བསྐྱོད་པ་དང་དམག་སྒར་དུ་བསྐྱོད་པ། སློབ་གྲྭ་རུ་བསྐྱོད་པ། ཁེ་ལས་སུ་བསྐྱོད་པ། གཞིས་ཁུལ་དུ་བསྐྱོད་པ། གྲོང་གསེབ་ཏུ་བསྐྱོད་པ། ལྗོངས་རྒྱུ་ཁུལ་དུ་བསྐྱོད་པར་སྐུལ་འདེད་བཏང་བ་དང་། རྒྱུ་སྤུས་བཟང་བའི་རིག་གནས་ཞབས་ཞུ་དང་ཐོན་རྫས་མཁོ་འདོན་ལ་བརྟེན་ནས། མང་ཚོགས་ཀྱི་མཛེས་སྡུག་འཚོ་བའི་ཐད་ཀྱི་དགོས་མཁོ་གསར་བ་དང་རེ་སྒུག་གསར་བ་བསྐངས་ཏེ། དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བའི་ཐད་བསམ་པའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྡུས།

རིན་ཆེན་མཚོས་བསྒྱུར།