ཟླ་གཉིས་པའི་ཚེས་གཉིས་ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ས་ཅུའུ་ནས་རྒྱུས་ལོན་པ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱིས་བརླན་སའི་སྐྱེ་ཁམས་མ་ལག་ལ་སྲུང་སྐྱོབ་བྱེད་པ་ནས་མགོ་བརྩམས་ཏེ། བརླན་སའི་སྲུང་སྐྱོབ་མ་ལག་འཛུགས་སྐྲུན་ལ་ཤུགས་སྣོན་པ་རྩ་བའི་གཞི་འཛིན་ས་དང་། བརླན་ས་སྲུང་སྐྱོབ་དང་ནུས་པ་སླར་གསོ་བྱེད་ཐབས་སུ་བྱས་ནས། རིགས་བགར་དོ་དམ་ཤུགས་དྲག་དང་མ་ལག་འཛུགས་སྐྲུན་ཇེ་ལེགས། ལྟ་ཞིབ་མ་ལག་འཐུས་ཚང་དུ་བཏང་ལ། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་སོགས་སྲུང་སྐྱོབ་བྱེད་ཐབས་བཅུ་རྒྱུན་འཁྱོངས་བྱས་ཏེ། བརླན་སའི་ཞིང་ཆེན་ཆེན་པོ་ནས་བརླན་སའི་ཞིང་ཆེན་སྟོབས་ལྡན་དུ་བསྒྱུར་བར་སྐུལ་འདེད་ཧུར་ཐག་བཏང་།
མཚོ་སྔོན་ཞིང་ཆེན་གྱི་སྤུས་ཚད་མཐོ་ཞིང་ཚད་གཞི་མཐོ་བའི་སྒོ་ནས་མཚོ་སྔོན་ཞིང་ཆེན་གྱི་ཉིས་སྟོང་ཉེར་གཉིས་ལོ་ནས་ཉིས་སྟོང་སུམ་ཅུ་ལོའི་བརླན་ས་སྲུང་སྐྱོབ་འཕེལ་རྒྱས་འཆར་གཞི་དང་། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་རྨ་ཆུའི་མཚོ་སྔོན་བཞུར་རྒྱུད་ཀྱི་སྲུང་སྐྱོབ་སླར་གསོའི་ལག་བསྟར་ཇུས་གཞི། མཚོ་སྔོན་ཞིང་ཆེན་གྱི་འདམ་རྫབ་ན་འདམ་བརླན་སའི་སྲུང་སྐྱོབ་འཆར་གཞི་བཅས་སྒྲིག་བཟོ་བྱས་པར་མ་ཟད་ལག་བསྟར་བྱས་ཏེ། ཉིས་སྟོང་སུམ་ཅུ་ལོར་ཐོན་པ་ན། བརླན་སའི་སྐྱེ་ཁམས་མ་ལག་གི་ནུས་པ་དང་སྐྱེ་དངོས་སྣ་མང་རང་བཞིན་མངོན་གསལ་སྒོས་ཇེ་ལེགས་སུ་འགྲོ་བ་དང་། བརླན་སའི་སྐྱེ་ཁམས་མ་ལག་གི་ཕྱོགས་བསྡུས་ཞབས་ཞུའི་ནུས་པ་ཇེ་དྲག་དང་། ཐཱན་བརྟན་པོ་བཟོ་བའི་ནུས་པ་ཇེ་ཆེར་གཏོང་རྒྱུ་མ་ཟད། བརླན་སའི་ཚད་གཞིའི་མ་ལག་མུ་མཐུད་ཇེ་ལེགས་སུ་བཏང་ནས། ཞིང་ཆེན་ཡོངས་ཀྱི་བརླན་ས་སྲུང་སྐྱོབ་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཚན་རིག་གི་སྣེ་ཁྲིད་དང་ཁྲིམས་སྐྱོང་འགན་སྲུང་འདོན་སྤྲོད་བྱེད་རྒྱུ་རེད།
བརླན་ས་བཀོལ་སྤྱོད་དོ་དམ་ཚད་ལྡན་དུ་གཏོང་བ་དང་བརླན་སའི་སྐྱེ་ཁམས་ཚད་མཐའ་བརྟན་སྲུང་བྱེད་པ། འབྲེལ་ཡོད་སྡེ་ཁག་དང་མཉམ་འབྲེལ་གྱིས་ཆེད་དོན་ཁྲིམས་བསྟར་འགུལ་སྐྱོད་རྒྱུན་མཐུད་ངང་སྤེལ་ནས། ཞིང་ཆེན་ཡོངས་ཀྱི་བརླན་སར་རིག་ནུས་ལྟ་ཞིབ་བྱེད་པའི་སྟེགས་བུ་བཙུགས་ཏེ། གནམ་ནས་བལྟ་བ་དང་ས་ནས་ཞིབ་བཤེར་བྱེད་པའི་ཡོངས་ཁེབས་རང་བཞིན་གྱི་བརླན་སའི་ས་ཁོངས་ཁྲིམས་བསྟར་མ་ལག་བཙུགས་ཏེ། བརླན་སའི་སྐྱེ་ཁམས་བདེ་འཇགས་དང་མཐའ་མཚམས་བརྟན་སྲུང་བྱས་ཡོད། རྨ་འབྲི་རྫ་གསུམ་འབྱུང་ཡུལ་དང་མཚོ་སྔོན་པོའི་སྤྱི་ཆིངས་ས་ཡ་གསུམ་དང་འབུམ་དགུ་ཁྲི་བརྒྱད་སྟོང་དྲུག་གི་བརླན་ས་དེ་བརླན་སའི་རིགས་ཀྱི་རྒྱལ་ཁབ་སྤྱི་གླིང་གཉིས་ཀྱི་ནང་འཇོག་པ་དང་། བརླན་སའི་སྐྱེ་ཁམས་ཁ་གསབ་དང་། བརླན་ས་ཞན་འགྱུར་ཉམས་གསོ། ས་དབྱིབས་ཉམས་གསོ་བཅོས་སྐྱོང་དང་། རང་བྱུང་བརླན་སའི་མཐའ་མཚམས་སྲུང་སྐྱོབ། བརླན་ས་ཆུང་གྲས་འཛུགས་སྐྲུན་སོགས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བ་སོགས་བྱེད་ཐབས་སྣ་མང་སྤྱད་དེ་བརླན་སའི་རྒྱ་ཁྱོན་ཇེ་ཆེར་གཏོང་བ་དང་བརླན་སའི་སྐྱེ་ཁམས་ནུས་པ་སླར་གསོ་བྱེད་རྒྱུ་རེད།
རིག་འཛིན་སྒྲོལ་མས་བསྒྱུར།