ཉིས་སྟོང་ཉེར་གཉིས་ལོར་ཞིང་ཆེན་ཡོངས་ཀྱི་རྒྱལ་དབང་རྒྱུ་ནོར་དོ་དམ་ཐད་གྲུབ་འབྲས་བཟང་བོ་བླངས།
2023.02.13 ཁུངས། ཀློག་གྲངས། 23

ཟླ་གཉིས་པའི་ཚེས་དྲུག་ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཉིས་སྟོང་ཉེར་གཉིས་ལོར། རང་ཞིང་གི་ནོར་སྲིད་རྒྱུ་ནོར་དོ་དམ་བྱ་བའི་ཐད་ནས། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཏུ། ནོར་སྲིད་པུའུ་ཡི་ཇུས་ཆོད་བཀོད་སྒྲིག་དངོས་འབེབས་མཐར་ཕྱིན་བྱས་པ་དང་གསར་གཏོད་འཕེལ་རྒྱས་ཀྱི་འདུ་ཤེས་སྲ་བརྟན་དུ་བཏང་ཞིང་། རྒྱལ་དབང་རྒྱུ་ནོར་དོ་དམ་བྱེད་ཐབས་ཇེ་དྲག་ཏུ་བཏང་ལ། འཚོ་བ་ནན་མོ་སྐྱེལ་བའི་རེ་བ་དངོས་འབེབས་ནན་མོ་བྱས་པ་དང་། རྒྱལ་དབང་རྒྱུ་ནོར་གྱི་འཁོར་རྒྱུག་ལ་ཤུགས་བསྣན་ཏེ་ནོར་སྲིད་གཏོང་ཡོང་ལ་གསོན་ཤུགས་བསྣན་པ་ནས། ཞིང་ཆེན་ཡོངས་ཀྱི་རྒྱལ་དབང་རྒྱུ་ནོར་དོ་དམ་བྱ་བར་གྲུབ་འབྲས་བཟང་བོ་བླངས།

ཞིང་ཆེན་ནོར་སྲིད་ཐིན་གྱིས་རྒྱལ་དབང་རྒྱུ་ནོར་སྙན་ཞུའི་ལམ་ལུགས་དངོས་འབེབས་ནན་མོ་བྱས་ཏེ་ཕྱོགས་བསྡུས་སྙན་ཞུ་གཅིག་དང་གཏམ་བཤད་སྙན་ཞུ་གཅིག ཆེད་དམིགས་སྙན་ཞུ་བཞི་ཡི་རྣམ་པས་དམངས་ཆེན་ལ་ཞིང་ཆེན་ཡོངས་ཀྱི་རྒྱལ་དབང་ཁེ་ལས་དང་རྒྱལ་དབང་དངུལ་རྩ་ཁེ་ལས། སྲིད་འཛིན་ལས་དོན་རང་བཞིན། རང་བྱུང་ཐོན་ཁུངས་བཅས་རྒྱལ་དབང་རྒྱུ་ནོར་རིགས་བཞིའི་དོ་དམ་གྱི་གནས་ཚུལ་སྙན་ཞུ་བྱས་ཏེ། ཕྱོགས་ཡོངས་ནས་ལོ་ལྔའི་རྒྱལ་དབང་ཁེ་ལས་དོ་དམ་བྱ་བའི་གྲུབ་འབྲས་ལ་སྤྱི་སྡོམ་བྱས་པ་དང་མིག་སྔར་གནས་པའི་གནད་དོན་དང་མི་འདང་སར་དབྱེ་ཞིབ་བྱས་པ་དེར། ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་སོ་ལྔ་པའི་སྟེང་གྲོས་ཞིབ་བྱས་ཏེ་བདེ་བླག་ངང་གྲོས་འཆམ་བྱུང་།  དུས་མཉམ་དུ། ནོར་སྲིད་པུའུ་ཡི་བཀོད་སྒྲིག་དང་རེ་བ་ལྟར། ཉིས་སྟོང་ཉེར་གཅིག་ལོའི་ལོ་གཅིག་གི་སྲིད་འཛིན་ལས་དོན་རང་བཞིན་གྱི་རྒྱལ་དབང་རྒྱུ་ནོར་གྱི་གནས་ཚུལ་སྙན་ཞུ་ཕུལ་བ་དང་ནོར་སྲིད་པུའུ་ཡི་ཞིབ་བཤེར་གཏན་འབེབས་བྱས་ཏེ་རང་ཞིང་གི་ལོ་གཅིག་གི་སྙན་ཞུ་ལ་རྒྱལ་ཡོངས་སུ་ཨང་བཅུ་པའི་བྱ་དགའ་ཐོབ་པར་མ་ཟད་ནོར་སྲིད་པུའུ་ཡིས་བརྡ་ཁྱབ་སྤེལ་ཏེ་གཟེངས་བསྟོད་བྱས།

རིག་འཛིན་ཐར་གྱིས་བསྒྱུར།