མཚོ་ལྷོ་ཁུལ་གྱིས་ཞིང་ཆེན་ཡོངས་སུ་ཁེ་ལས་རོགས་སྐྱོར་དང་དྲོད་ཁོལ་སྐྱེལ་བའི་དཔྱིད་རླུང་འགུལ་སྐྱོད་རབ་དང་རིམ་པ་སྤེལ་རྒྱུ་ཐག་བཅད།
2023.02.17 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 122

ཟླ་གཉིས་པའི་ཚེས་བཅུ་གསུམ་ཉིན། གསར་འགོད་པས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཁེ་ལས་པའི་བཞུགས་མོལ་ཚོགས་འདུའི་སྟེང་རྒྱུས་ལོན་བྱུང་བ་ལྟར་ན། མཚོ་ལྷོ་ཁུལ་གྱིས་ཧུར་ཐག་སྒོས་ཞིང་ཆེན་ཡོངས་ཀྱི་ཁེ་ལས་ལ་རོགས་སྐྱོར་བྱེད་པ་དང་དྲོད་ཁོལ་སྐྱེལ་བའི་དཔྱིད་རླུང་འགུལ་སྐྱོད་ཀྱི་བཀོད་སྒྲིག་རེ་བ་དང་ལེན་བྱས་ཏེ། ཟླ་གཉིས་པའི་ཚེས་བཅུ་ཉིན་ནས་ཟླ་དྲུག་པའི་ཚེས་སུམ་ཅུ་ཉིན་བར་ཁུལ་ཡོངས་སུ་ཁེ་ལས་ལ་རོགས་སྐྱོར་བྱེད་པ་དང་དྲོད་ཁོལ་སྐྱེལ་བའི་ཆེད་དོན་འགུལ་སྐྱོད་རབ་དང་རིམ་པ་སྤེལ་རྒྱུ་ཐག་བཅད་ནས། ལོ་ཧྲིལ་བོའི་དཔལ་འབྱོར་བྱ་བའི་ཐད་གྲུབ་འབྲས་བཟང་བོ་ཐོབ་པ་དང་ལོ་སྟོད་ཀྱི་ལས་འགན་དང་དམིགས་འབེན་མངོན་འགྱུར་བྱེད་པར་སྐུལ་འདེད་བཏང་།

འདས་པའི་ལོ་གཅིག་གི་ནང་། མཚོ་ལྷོ་ཁུལ་གྱིས་ལོ་ཧྲིལ་བོའི་ས་གནས་ཐོན་སྐྱེད་ཀྱི་སྤྱིའི་ཐོན་རིན་སྒོར་ཐེར་ཆེན་གཉིས་ལྷག་མངོན་འགྱུར་བྱས་ཏེ། ཐོག་དང་པོར་སྒོར་ཐེར་ཆེན་གཉིས་ཀྱི་འགག་སྒོ་ལས་བརྒལ། ཉིས་སྟོང་ཉེར་གསུམ་ལོར་ཚོར་གཉེར་ཁོར་ཡུག་སྔར་ལས་ལེགས་སྒྱུར་བྱེད་པ་དང་ཁེ་ལས་ཀྱི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ། དཔལ་འབྱོར་འཁོར་སྐྱོད་བརྟན་འཇགས་སུ་གཏོང་ཆེད། མཚོ་ལྷོ་ཁུལ་གྱིས་ཁེ་ལས་ལ་རོགས་སྐྱོར་བྱེད་པ་དང་དྲོད་ཁོལ་སྐྱེལ་བའི་དཔྱིད་རླུང་འགུལ་སྐྱོད་དང་སྲིད་ཇུས་སྦྲེལ་མཐུད་བརྩོན་ལེན་འགུལ་སྐྱོད། དངུལ་གཏོང་ལས་གཞིའི་མཁྲེགས་གཏོར་འགུལ་སྐྱོད། བཟོ་ལས་རྒྱ་སྐྱེད་ཐོན་འཕར་འགུལ་སྐྱོད། འཛད་སྤྱོད་སླར་གསོ་མཐོར་འདེགས་འགུལ་སྐྱོད། ཚོང་འགུག་དངུལ་འདྲེན་ནུས་སྐྱེད་འགུལ་སྐྱོད་སོགས་ཆེད་དོན་འགུལ་སྐྱོད་ཆེན་པོ་དགུ་ཡོངས་འགྲུབ་བྱེད་པའི་བྱ་བའི་ཇུས་གཞི་གཏན་འཁེལ་བྱས་པ་དང་། ཏང་སྲིད་ཀྱིས་གཙོ་ཁྲིད་དང་ལས་རིགས་ཀྱིས་སྐུལ་འདེད་གཏོང་བ། བྱ་བའི་ཚན་ཆུང་དང་འབྲེལ་གཏུག་པ་བཅས་ཀྱིས་མཉམ་འབྲེལ་སྒོས་ཁེ་ལས་ལ་རོགས་སྐྱོར་བྱེད་པའི་རྐྱེན་སྲོལ་བཙུགས་ཏེ། ལས་གཞི་གཙོ་བོ་མཚམས་མི་འཇོག་པ་དང་གཅིག་བསྡུས་སྒོས་ལས་མགོ་རྩོམ་པར་གཅིག་གྱུར་སྒོས་འཆར་འགོད་བྱས་པ་དང་། ལས་གཞིའི་དུས་སྐབས་སྔོན་གྱི་མཁྲེགས་གཏོར་དང་ཇུས་འགོད་མཁྲེགས་གཏོར་དམ་འཛིན་བྱས་ལ། ཕན་ནུས་མཐོ་བའི་བྱ་བའི་འཁོར་སྐྱོད་མ་ལག་གི་མཉམ་ཤུགས་ཆགས་པར་བྱས་པ་དང་། ཚོང་རའི་གཙོ་གཞིའི་གསོན་ཤུགས་ཇེ་ཆེར་བཏང་ནས། ལོ་ཧྲིལ་བོའི་དམིགས་འབེན་དང་ལས་འགན་ཕྱོགས་ཡོངས་ནས་ཡོངས་འགྲུབ་བྱེད་པར་རྨང་གཞི་བརྟན་པོ་བཏིངས།

                                                                                                           བཀྲ་ཤིས་འབུམ་གྱིས་བསྒྱུར། 


ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།