ཟླ་གཉིས་པའི་ཚེས་བཅུ་ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཏང་ཨུའི“གསར་གཉིས”བྱ་བའི་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་རྒྱ་སྐྱེད་གྲོས་ཚོགས་དང་ཉིས་སྟོང་ཉེར་གཉིས་ལོའི་གྲོང་ཁྱེར་དང་ཁུལ་ཨུ་སོ་སོའི“གསར་གཉིས”བྱ་བའི་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། ཞིང་ཆེན་རིམ་པའི་སྤྱི་ཚོགས་རྩ་འཛུགས་ལས་རིགས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅིའི་གཞི་རིམ་ཏང་འཛུགས་དང་ཏང་སྲོལ་སྤྱོད་གཙང་འཛུགས་སྐྲུན་དམ་འཛིན་དང་འདུ་ཤེས་འཛིན་སྟངས་བྱ་བའི་ལས་འགན་སྒྲུབ་ཚུལ་དཔྱད་གླེང་གྲོས་ཚོགས་སྟེང་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོར། མཚོ་སྔོན་ཞིང་ཆེན“གསར་གཉིས”བྱ་བའི་ཨུ་ཡོན་ལྷན་ཁང་གིས་གསར་གཉིས་ཁྱབ་ཁོངས་ཀྱི་ཏང་འཛུགས་བྱ་བར་ཤུགས་སྣོན་རྒྱུ་གཙོ་གནད་དུ་བཟུང་ནས། སྔར་ལས་ལྷག་པའི་སྒོ་ནས་ཏང་གིས་གསར་གཉིས་རྩ་འཛུགས་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་ཤུགས་ཇེ་ཆེར་གཏོང་རྒྱུ་རེད།
རྒྱུས་ལོན་བྱུང་བ་ལྟར་ན། ཉིས་སྟོང་ཉེར་གཉིས་ལོར། ས་ཁུལ་སོ་སོ་དང་ལས་ཁུངས་སོ་སོས་ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་གསར་གཉིས་ཏང་འཛུགས་བྱ་བའི་ཇུས་ཆོད་བཀོད་སྒྲིག་དང་བྱ་བའི་རེ་བ་ལག་བསྟར་ནན་མོ་བྱས་པ་དང་། བྱ་བའི་གཙོ་གནད་དམ་དུ་བཟུང་ཞིང་། བྱེད་ཐབས་གསར་སྐྲུན་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་གསར་གཉིས་རྩ་འཛུགས་ཀྱི་ཏང་འཛུགས་བྱ་བ་རྒྱུན་ཆད་མེད་པར་གོང་དུ་སྤེལ། ཉིས་སྟོང་ཉེར་གསུམ་ལོར། ཞིང་ཆེན་ཏང་ཨུའི་གསར་གཉིས་བྱ་བའི་ཨུ་ཡོན་ལྷན་ཁང་གིས་སྔར་ལས་ལྷག་པའི་སྒོ་ནས་ཆབ་སྲིད་འཛུགས་སྐྲུན་ལ་ཤུགས་སྣོན་བྱས་ཏེ། ཏང་གིས་གསར་གཉིས་རྩ་འཛུགས་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་པར་ཤུགས་སྣོན་པ་དང་། སྒྲིག་གཞི་ལམ་སྲོལ་མཐུན་སྦྱོར་བྱས་ཏེ། གསར་གཉིས་ཏང་འཛུགས་ཀྱི་བྱ་བའི་མཉམ་ཤུགས་ཕྱོགས་གཅིག་ཏུ་བསྡུ་རྒྱུ་ཡིན་ལ། བྱ་བའི་བྱེད་ཐབས་རྒྱུན་ཆད་མེད་པར་གསར་གཏོད་བྱས་ཏེ། སྤྱི་དབང་མ་ཡིན་པའི་དཔལ་འབྱོར་རྩ་འཛུགས་ཀྱི་ཏང་འཛུགས་བྱ་བའི་ཕན་ནུས་མཐོར་འདེགས་སུ་གཏོང་བའི་ཞོར་ཏུ་སྤྱི་ཚོགས་རྩ་འཛུགས་ཀྱི་ཏང་འཛུགས་བྱ་བ་དམ་འཛིན་བྱ་རྒྱུ་མ་ཟད། དཀྱིལ་སྙིང་དང་ཆེ་ཕྱོགས་ལ་དམ་དུ་དམིགས་པདང་། གསར་གཉིས་རྩ་འཛུགས་ཀྱི་ཁག་ཁུར་ལ་ཁྲིད་སྟོན་དང་ཞིང་ཆེན་ཡོངས་ཀྱི་གསར་གཉིས་རྩ་འཛུགས་ཀྱིས་དེང་རབས་ཅན་དྲུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་སྐྱོད་ལམ་གསར་བའི་སྟེང་བློ་གྲོས་དང་སྟོབས་ཤུགས་འབུལ་བར་སྐུལ་འདེད་གཏོང་རྒྱུ་རེད།
རིག་འཛིན་ཐར་གྱིས་བསྒྱུར།