ན་གོར་མོས་དཔྱིད་ཀའི་རྨོ་འདེབས་ཀྱི་གྲ་སྒྲིག་བྱ་བ་བཟང་བོར་བསྒྲུབས།
2023.02.22 ཁུངས། ཀློག་གྲངས། 50

  ཟླ་གཉིས་པའི་ཚེས་ཉེར་གཅིག་ཉིན། གསར་འགོད་པས་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ན་གོར་མོ་གྲོང་ཁྱེར་སྲིད་གཞུང་དུ་རྒྱུས་ལོན་པ་ལྟར་ན། ཉིས་སྟོང་ཉེར་གསུམ་ལོར་ན་གོར་མོ་གྲོང་ཁྱེར་གྱིས་ཀྲུང་དབྱང་གི་ཡིག་ཆ་དང་པོའི་དགོངས་དོན་ཕྱོགས་ཡོངས་ནས་དངོས་འབེབ་དོན་འཁྱོལ་བྱས་ཏེ། རྒྱ་ཁྱོན་བརྟན་འཇགས་དང་ཐོན་ནུས་མཐོར་འདེགས། སྒྲིག་གཞི་ལེགས་སྒྱུར། ཐོན་འབབ་འཕར་སྣོན་བཅས་ཀྱི་དམིགས་ཚད་ལྟར། རྨོ་འདེབས་ཁ་གསབ་རོགས་དངུལ་དང་། ཞིང་ལས་འཕྲུལ་ཆས་ཉོ་བའི་ཁ་གསབ། ཞིང་ལས་འགན་སྲུང་སྲིད་ཇུས་སོགས་དམངས་ཕན་སྲིད་ཇུས་སྣ་ཚོགས་དྲིལ་སྒྲོག་རྒྱ་ཆེན་བྱས་ནས། རྨོ་འདེབས་གྲ་སྒྲིག་སྐུལ་སློང་སོགས་ཀྱི་བྱ་བ་ནན་ཏན་གྱིས་སྒྲུབ་ནས། ཞིང་ལས་ཕན་ནུས་དང་ཡོང་འབབ་འཕར་སྣོན་ཡོང་ཆེད་རྨང་གཞི་བརྟན་པོ་བཏིངས། 

སྐལ་བཟང་རྣམ་རྒྱལ་གྱིས་བསྒྱུར།