མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིན་གྱིས་ཟི་ལིང་གྲོང་ཁྱེར་དུ་ཞིང་ཆེན་ཡོངས་ཀྱི་ཞིང་སྡེའི་གློག་ཚོང་གསོ་སྦྱོང་བྱས།
2023.02.22 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 59

ཉེ་ལམ། མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིན་གྱིས་ཟི་ལིང་གྲོང་ཁྱེར་དུ་ཞིང་ཆེན་ཡོངས་ཀྱི་ཞིང་སྡེའི་གློག་ཚོང་གསོ་སྦྱོང་བྱས། མཚོ་སྔོན་ཞིང་ཆེན་གྱི་དཔེ་སྟོན་རྫོང་སོ་སོའི་ལས་གཞིའི་འགན་སྒྲུབ་ཁེ་ལས་དང་གློག་ཚོང་ཁེ་ལས་མི་སྣ། ཕྱིར་ཕ་ཡུལ་དུ་ལོག་པའི་ལས་སྤེལ་སློབ་ཆེན་སློབ་མ། དམག་ཁུངས་ནས་ཕྱིར་ལོག་པའི་དམག་མི། འབྲེལ་ཡོད་དངོས་ཕུང་ཁེ་ལས་ཀྱི་ཕྱིར་འཚོང་བདག་གཉེར་མི་སྣ། དེ་མིན་ཟི་ལིང་གྲོང་ཁྱེར་མཁར་ཤར་ཁུལ་དང་མཚོ་ནུབ་ཁུལ། མཚོ་བྱང་ཁུལ། མཁར་དཀྱིལ་ཁུལ་བཅས་ཀྱི་གློག་ཚོང་ཁེ་ལས་མི་སྣ་བཅས་བསྡོམས་པས་མི་བརྒྱ་ལྷག་གསོ་སྦྱོང་ལ་ཞུགས་ཤིང་། དཔེ་སྟོན་རྫོང་སོ་སོའི་ལས་གཞིའི་གཙོ་འགན་འཁུར་བའི་ལས་ཁུངས་དང་འགན་སྒྲུ་ཁེ་ལས་ཀྱི་མི་སྣ་གཞན་དག་སོགས་ཀྱིས་ཡུལ་དངོས་ནས་ཐད་གཏོང་བྱེད་པའི་བརྙན་རིས་ལ་བལྟས་ནས་སློབ་སྦྱོང་བྱས།

ཐེངས་འདིར་གསོ་སྦྱོང་བྱེད་པའི་དམིགས་ཡུལ་ནི་རྒྱུན་མཐུད་དང་ནུས་ལྡན་སྒོས་གློག་རྡུལ་གློག་ཚོང་ཞིང་སྡེ་རུ་བསྐྱོད་པའི་ཕྱོགས་བསྡུས་དཔེ་སྟོན་ལས་གཞི་འཛུགས་སྐྲུན་དང་བདག་གཉེར་བྱེད་པར་སྐུལ་འདེད་གཏོང་བ་དང་། རང་ཞིང་གི་ཞིང་སྡེའི་གློག་ཚོང་གི་ལས་རྣམ་གསར་བ་དང་དཔེ་དབྱིབས་གསར་བ་མྱུར་དུ་གསོ་སྐྱོང་བྱས་ཏེ། ཁེ་ལས་ལ་རོགས་སྐྱོར་དང་དྲོད་ཁོལ་སྐྱེལ་བའི་བྱ་བར་ནུས་པ་འདོན་རྒྱུ་དེ་རེད། གསོ་སྦྱོང་གི་དུས་ཡུན་ཉིན་གསུམ་ཡིན་ལ། གློག་ཚོང་གིས་མཚོ་སྔོན་ཞིང་ཆེན་གྱི་ཐོན་ལས་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པ་གཙོ་སྙིང་དུ་བཟུང་སྟེ། ཧྥུའུ་ཏན་སློབ་ཆེན་གློག་རྡུལ་གློག་ཚོང་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རིན་གཞོན་པ་ཧྲའོ་མེན་དང་ཚོང་དོན་པུའུ་གློག་རྡུལ་ཚོང་དོན་ཞིང་སྡེ་རུ་བསྐྱོད་པའི་ཕྱོགས་བསྡུས་དཔེ་སྟོན་ལས་གཞིའི་གྲུབ་འབྲས་དཔྱད་འཇོག་ཆེད་མཁས་པ་ཝང་ཅུན་ཞང་སོགས་ཆེད་དུ་གདན་དྲངས་ནས་ དྲ་ངོས་ནས་བསམ་བློ་བརྗེ་རེས་བྱས།

                                                                                                               བཀྲ་ཤིས་འབུམ་གྱིས་བསྒྱུར།