ཟླ་གཉིས་པའི་ཚེས་ཉེར་གཉིས་ཉིན་གྱི་སྔ་དྲོར། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བཀོད་སྒྲིག་དང་རེ་བ་ལྟར། མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལུས་ཨུ་ཡོན་ལྷན་ཁང་གིས་མཚོ་སྔོན་དུ་ཡོད་པའི་རྒྱལ་ཡོངས་དམངས་ཆེན་འཐུས་མི་སྐོར་ཞིག་རྩ་འཛུགས་བྱས་ཏེ་ཕྱོགས་བསྡུས་ལྟ་ཞིབ་བྱ་འགུལ་སྤེལ། རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི། མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རིན་གཞོན་པ་ཝང་ལིས་མེན་དང་། རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་མཱ་ཧྲི་ཀུང་དང་། མཱ་ཧྥུའུ་ཁྲང་། ཝང་ཧྭ་ཅེ། ཝང་གོ་ཏུང་། རིན་ཆེན་བཀྲ་ཤིས། པིས་ཧྲིན་ལུང་། ལིའུ་ཞའོ་རོང་། ཞུའུ་ཆེན་མེན། ཤ་བོ་སྒྲོལ་མ། གོ་ཅིན་ཕེན། ཏུང་ཆོན་མེན། ཅཱང་ཀྲི་ཀང་། བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དམག་དཔུང་གི་འཐུས་ཚབ་ཚོགས་པའི་འཐུས་མི་ཧྲི་ཧྲུའུ་ཧི་དང་། ཀྲང་ཧྥ་ཅུའུ། ཧུ་ཐེན་ཐེན་བཅས་ལྟ་ཞིབ་བྱ་འགུལ་ལ་ཞུགས།
འཐུས་མི་རྣམས་སྔ་གཞུག་ཏུ་ཟི་ལིང་གྲོང་ཁྱེར་ཧོང་ཀྲུང་ས་ཁུལ་ཞི་པའོ་གྲོང་བརྡལ་སྐྱེ་ཁམས་བ་མོ་གསོ་སྤེལ་རྟེན་གཞི་དང་མཚོ་སྔོན་ཅིན་ཁུ་ནུས་ཁུངས་ཚད་ཡོད་ཀུང་སི་སོགས་ལ་སོང་ནས་ལྟ་ཞིབ་བྱས། ལས་གཞི་སོ་སོའི་འཛུགས་སྐྲུན་གནས་ཚུལ་གྱི་སྙན་ཞུ་ལ་ཉན་རྗེས། འཐུས་མི་རྣམསཀྱིས་ཁེ་ལས་ཀྱི་འགན་ཁུར་མི་སྣ་སོགས་དང་བརྗེ་རེས་གཏིང་ཟབ་བྱས་པར་མ་ཟད། ཐོན་ལས་འཕེལ་རྒྱས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་པ་དང་། འབྲེལ་ཡོད་ལས་གཞི་གལ་ཆེན་གྱི་ཕུན་སུམ་ཚོགས་པའི་རྒྱུ་ཆ་ལ་རྒྱུས་ལོན་གཏིང་ཟབ་བྱས།
འཐུས་མི་རྣམས་ཀྱིས་གཅིག་གྱུར་སྒོས་བསྟན་དོན། ལྟ་ཞིབ་བྱས་པ་བརྒྱུད་རང་ཞིང་གི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ཀྱི་གནས་ཚུལ་ལ་རྒྱུས་ལོན་གཏིང་ཟབ་བྱས་པ་དང་། ལྟ་ཞིབ་ཁྲོད་བྱུང་བའི་བསམ་འཆར་དང་གྲོས་གཞིར་ནན་ཏན་སྒོས་ལེགས་སྒྲིག་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་འབྲེལ་ཡོད་གྲོས་གཞིའི་ནང་དོན་འཐུས་ཚང་དུ་གཏོང་བ་དང་། བཏོན་པའི་གྲོས་གཞིར་དམིགས་སའི་རང་བཞིན་དང་སྒྲུབ་འོས་རང་བཞིན་ལྡན་པར་བྱས་ནས་སྐབས་བཅུ་བཞི་པའི་རྒྱལ་ཡོངས་དམངས་ཆེན་གྱི་གྲོས་ཚོགས་དང་པོའི་སྟེང་དམངས་ཀྱི་འདོད་ཚུལ་སྙན་ཞུ་གང་ལེགས་བྱས་ཏེ་མཚོ་སྔོན་མི་དམངས་ཀྱི་མགྲིན་ཚབ་པ་བཟང་བོ་བྱས་ནས། རང་ཞིང་གི་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བྱེད་པར་འཐུས་མིའི་སྟོབས་ཤུགས་འབུལ་རྒྱུ་ཡིན་ཟེར།
རིག་འཛིན་ཐར་གྱིས་བསྒྱུར།