རང་ཞིང་གི་རིག་དངོས་སྲུང་སྐྱོབ་བེད་སྤྱོད་བྱ་བའི་ཐད་ནས་གྲུབ་འབྲས་གསར་བ་བླངས།
2023.02.26 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 18

ཟླ་གཉིས་པའི་ཚེས་ཉི་ཤུ་ཉིན། གསར་འགོད་པས་ཉིས་སྟོང་ཉེར་གསུམ་ལོའི་ཞིང་ཆེན་ཡོངས་ཀྱི་རིག་དངོས་ཅུའུ་ཡི་ཅུའུ་ཀྲང་གྲོས་ཚོགས་སྟེང་རྒྱུས་ལོན་བྱུང་བ་ལྟར་ན། ཉིས་སྟོང་ཉེར་གཉིས་ལོར། ཞིང་ཆེན་ཡོངས་ཀྱི་རིག་དངོས་ལས་ཁུངས་ཀྱིས་རིག་དངོས་སྲུང་སྐྱོབ་དོ་དམ་དང་གསར་བརྗེ་རིག་དངོས་སྲུང་སྐྱོབ་བེད་སྤྱོད། གནའ་དཔྱད་སོགས་བྱ་བར་ཤུགས་བསྣན་པ་དང་། རིག་དངོས་དྲིལ་སྒྲོག་ངོ་སྤྲོད་ཐད་ནས་གསར་གཏོད་བྱས་ལ། རིག་དངོས་ཁྱབ་ཁོངས་ཀྱི་གསར་བརྗེ་འཕེལ་རྒྱས་གཏིང་ཟབ་ཏུ་སྤེལ་བ་དང་། རིག་དངོས་བདེ་འཇགས་ཀྱི་ཚད་མཐའ་བརྟན་སྲུང་བྱས་ནས། རིག་དངོས་སྲུང་སྐྱོབ་བེད་སྤྱོད་ཀྱི་བྱ་བ་སྣ་ཚོགས་ཐད་ནས་གྲུབ་འབྲས་གསར་བ་བླངས།

ཉིས་སྟོང་ཉེར་གཉིས་ལོར། ཞིང་ཆེན་སྲིད་གཞུང་གཞུང་སྒྲུབ་ཐིན་གྱིས་མཚོ་སྔོན་ཞིང་ཆེན་གྱི་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་སྐབས་ཀྱི་རིག་དངོས་ལས་དོན་འཕེལ་རྒྱས་སུ་གཏོང་བའི་འཆར་འགོད་འགྲེམ་སྤེལ་བྱས་པ་དང་། མཚོ་སྔོན་ཞིང་ཆེན་གྱི་ཞིང་ཆེན་རིམ་པའི་རིག་དངོས་སྲུང་སྐྱོབ་ཆེད་སྤྱོད་ཁ་གསབ་མ་དངུལ་དོ་དམ་བྱེད་ཐབས་བཟོ་བཅོས་བྱས་པ་དང་འཐུས་ཚང་དུ་བཏང་། གློད་སྡོམ་ཞབས་གསུམ་བཅོས་སྒྱུར་ལ་སྐུལ་འདེད་བཏང་བ་དང་། རྒྱལ་ཡོངས་ཀྱི་རིག་དངོས་སྲུང་སྐྱོབ་སྡེ་ཁག་ཉེར་དྲུག་གི་བར་སྟོང་ཆ་འཕྲིན་ཞིང་ཆེན་ཡོངས་ཀྱི་རྒྱལ་ཁོངས་བར་སྟོང་འཆར་འགོད་ཁྲོད་བཞག འབྲི་ཆུའི་བཞུར་རྒྱུད་ཀྱི་རིག་དངོས་ཐོན་ཁུངས་ཆེད་དོན་བརྟག་བཤེར་སྤེལ་བར་མ་ཟད། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི་འབྲི་ཆུའི་རིག་དངོས་ཐོན་ཁུངས་བརྟག་བཤེར་བྱ་བ་ཡོངས་འགྲུབ་བྱས། རིམ་པ་སོ་སོ་དང་རིགས་མི་འདྲ་བའི་རིག་དངོས་སྲུང་སྐྱོབ་བེད་སྤྱོད་མ་དངུལ་སྒོར་དུང་ཕྱུར་གཉིས་དང་བྱེ་བ་གཉིས་ས་ཡ་བརྒྱད་ལག་བསྟར་བཀོད་སྒྲིག་བྱས་པ་དང་། རིག་དངོས་གཙོ་གཞི་སྲུང་སྐྱོབ་ཉམས་གསོ་དང་གནའ་དཔྱད་རྩད་གཅོད་སྔོག་འདོན། རིན་མི་ལེན་པར་རྟེན་མཛོད་གླིང་གི་སྒོ་འབྱེད་པ། བཤམས་སྟོན་དང་བདེ་འཇགས་འགོག་སྲུང་བཟོ་སྐྲུན། གཞི་གྲངས་ཅན་གྱི་སྲུང་སྐྱོབ་སོགས་ལས་གཞི་ང་གཅིག་ལག་བསྟར་བྱས། རྨ་ཆུ་དང་ལྕགས་རི་རིང་བོ། རྒྱང་སྐྱོད་རྒྱལ་ཁབ་རིག་གནས་སྤྱི་གླིང་གི་རིག་དངོས་བེད་སྤྱོད་བྱ་བ་བཟང་བོར་བསྒྲུབས་པ་དང་། རང་ཞིང་གི་རྨ་ཆུའི་བཞུར་རྒྱུད་ཀྱི་རིག་གནས་ཤུལ་བཞག་སྲུང་སྐྱོབ་ཐད་སྐུལ་འདེད་བཏང་ལ། རྨ་ཆུའི་བཞུར་རྒྱུད་ཀྱི་རིག་དངོས་སྲུང་སྐྱོབ་ལས་གཞི་སོ་བརྒྱད་ལག་བསྟར་བྱས། མེ་འགོག་ཁྲའོ་རོགས་ཐད་ཀྱི་རིག་དངོས་ཐོན་ཁུངས་ཁྱབ་བཤེར་སྤེལ་བ་དང་། དམར་མདོག་སྦྱར་ཡིག་ཐད་ཀྱི་ཞིབ་བཤེར་སྤེལ། སྐོར་ཐེངས་གཉིས་པའི་ཞིང་ཆེན་རིམ་པའི་གསར་བརྗེ་རིག་དངོས་མིང་ཐོ་ཁྱབ་བསྒྲགས་བྱས་པ་དང་། དེའི་ཁྲོད་སྤོ་སྒྱུར་བྱེད་མི་ཐུབ་པའི་གསར་བརྗེའི་རིག་དངོས་ལྔ་ཡོད་པ་དང་། སྤོ་སྒྱུར་བྱེད་ཆོག་པའི་གསར་བརྗེའི་རིག་དངོས་རེ་གསུམ་ཡོད།

ཉིས་སྟོང་ཉེར་གཉིས་ལོར། ཉིང་རྡུལ་དམག་ཆས་ཞིབ་འཇུག་བཟོ་སྐྲུན་རྟེན་གཞིའི་གནས་རྙིང་བ་སྲུང་སྐྱོབ་བེད་སྤྱོད་བྱེད་པར་སྐུལ་འདེད་བཏང་བ་དང་། པད་མའི་དམར་དམག་ལུང་བའི་བདེ་འཇགས་འགོག་སྲུང་བཟོ་སྐྲུན་དེ་ཉིས་སྟོང་ཉེར་གསུམ་ལོའི་རྒྱལ་ཡོངས་གཙོ་གནད་རིག་དངོས་སྲུང་སྐྱོབ་སྡེ་ཁག་གི་ལས་གཞི་ལག་བསྟར་འཆར་གཞི་ཁྲོད་བཞག་ལ། རྒྱང་བསྐྱོད་རྒྱལ་ཁབ་རིག་གནས་སྤྱི་གླིང་འཛུགས་སྐྲུན་མགོ་ལོག་པད་མའི་དམར་དམག་ལུང་བ་བཀྲ་ལོ་སྡེ་བའི་ཞིག་གསོ་མ་དངུལ་སྒོར་ས་ཡ་ལྔ་དང་འབུམ་གཉིས་ཁྲི་ལྔ་བྱིན། ཅང་སེ་ཁུག་རྗེས་ཤུལ་དང་རྫོང་རི་རྗེས་ཤུལ་སོགས་རང་འགུལ་རང་བཞིན་གྱི་གནའ་དཔྱད་སྔོག་འདོན་སྣ་ལྔ་ལག་བསྟར་བྱས་པ་དང་། དེའི་རྒྱ་ཁྱོན་རྨིད་གྲུ་བཞི་མ་སྟོང་གཉིས་དང་ལྔ་བརྒྱ་ཡོད་ལ། ཞིང་ཆེན་ནང་ཁུལ་གྱི་གཞི་རྩའི་འཛུགས་སྐྲུན་བཟོ་སྐྲུན་ལ་གཞོགས་འདེགས་བྱས་ནས། གནའ་དཔྱད་ཞིབ་བཤེར་དང་རྩད་གཅོད་སྔོག་འདོན་ལས་གཞི་བཅུ་གསུམ་ཡོངས་འགྲུབ་བྱས།

རིན་ཆེན་མཚོས་བསྒྱུར།