རང་ཞིང་དུ་ཞིང་ཆེན་རིམ་པའི་གཟུགས་འདས་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་ལས་གཞི་གོ་བདུན་ཇེ་མང་ལ་སོང་།
2023.02.26 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 41

ཟླ་གཉིས་པའི་ཚེས་ཉེར་བཞི་ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཉེ་སྔོན། མཚོ་སྔོན་ཞིང་ཆེན་གྱི་སྐོར་ཁག་དྲུག་པའི་ཞིང་ཆེན་རིམ་པའི་གཟུགས་འདས་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་ལས་གཞིའི་མིང་ཐོ་ཁྱབ་བསྒྲགས་བྱས་པ་དང་། རང་ཞིང་དུ་ཞིང་ཆེན་རིམ་པའི་གཟུགས་འདས་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་ལས་གཞི་གོ་བདུན་ཇེ་མང་དུ་སོང་ལ། དེའི་ཁྲོད། དམངས་ཁྲོད་རྩོམ་རིག་རིགས་སྣའི་ལས་གཞི་དྲུག་དང་སྲོལ་རྒྱུན་རོལ་དབྱངས་རིགས་ཀྱི་ལས་གཞི་བཞི། སྲོལ་རྒྱུན་ཞབས་བྲོ་རིགས་ཀྱི་ལས་གཞི་གཉིས། སྲོལ་རྒྱུན་ཟློས་གར་རིགས་ཀྱི་ལས་གཞི་ལྔ། སྲོལ་རྒྱུན་ལུས་རྩལ་སྒྱུ་རྩལ་དང་རྩལ་རྩེད་སྣ་ཚོགས་ཀྱི་ལས་གཞི་གསུམ། སྲོལ་རྒྱུན་མཛེས་རིས་རིགས་ཀྱི་ལས་གཞི་བརྒྱད། སྲོལ་རྒྱུན་སྒྱུ་རྩལ་རིགས་ཀྱི་ལས་གཞི་བཅོ་ལྔ། སྲོལ་རྒྱུན་གསོ་རིག་སྨན་རྫས་རིགས་ཀྱི་ལས་གཞི་བཅུ་གཅིག དམངས་སྲོལ་རིགས་ཀྱི་ལས་གཞི་བཅུ་གསུམ་བཅས་འདུ། དེར་བརྟེན། རང་ཞིང་གི་ཞིང་ཆེན་རིམ་པའི་གཟུགས་འདས་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་ལས་གཞི་སུམ་བརྒྱ་དང་སོ་ལྔ་རུ་ཇེ་མང་དུ་སོང་།

རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིར་ལས་གཞི་སྙན་ཞུ་བྱེད་སྐབས། སྲོལ་རྒྱུན་མཛེས་རིས་དང་སྒྱུ་རྩལ། གསོ་རིག་སྨན་བཅོས། དམངས་སྲོལ་སོགས་ལས་གཞིའི་གྲངས་ཀ་ཅུང་མང་བ་དང་།  དེ་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བ་དང་བདེ་ཐང་མཚོ་སྔོན་འཛུགས་སྐྲུན་བྱེད་པ། རིག་གནས་གནས་སྐོར་མཉམ་བསྲེས་སྒོས་འཕེལ་རྒྱས་སུ་གཏོང་བ། རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་དམིགས་འབེན་ས་ཆ་འཛུགས་སྐྲུན་བྱེད་པའི་རྒྱབ་རྟེན་ཤུགས་ཆེན་དང་འདྲེན་བྱེད་གལ་ཆེན་དུ་འགྱུར་བར་བྱེད་རྒྱུ་རེད། ཐེངས་འདིའི་ངོ་སྤྲོད་དང་ཡིག་ཐོག་སྙན་ཞུ་བྱ་བའི་ཐད་ནས་ལག་ལེན་རང་བཞིན་ཅུང་ཆེ་བའི་རིག་གནས་སྲོལ་རྒྱུན་ལ་བསམ་གཞིགས་བཏང་བ་དང་། སྲོལ་རྒྱུན་སྒྱུ་རྩལ་རིགས་ཀྱི་གཟུགས་འདས་ལས་གཞི་ངོས་ལེན་གཏན་འབེབས་གྲངས་ཀས་སྐོར་འདིའི་ཞིང་ཆེན་རིམ་པའི་གཟུགས་འདས་ཤུལ་བཞག་ལས་གཞིའི་སྤྱིའི་གྲངས་ཚད་ཀྱི་བརྒྱ་ཆའི་ཞེ་དྲུག་ཟིན་ལ། དེའི་ཁྲོད་མཚོ་སྔོན་གྱི་སྲོལ་རྒྱུན་བཟའ་བཏུང་རིགས་ཀྱི་ལས་གཞི་བཅོ་ལྔ་འདུ་བ་དང་། ལས་གཞི་དེ་དག་གིས་འཛད་སྤྱོད་ཚད་ཇེ་མཐོར་གཏོང་བ་དང་ཚོང་ར་གསོན་ཤུགས་ལྡན་པར་བྱེད་པ། རིག་གནས་གནས་སྐོར་མཉམ་བསྲེས་སྒོས་འཕེལ་རྒྱས་སུ་གཏོང་བའི་ཁྲོད་ནུས་པ་གལ་ཆེན་འདོན་རྒྱུ་རེད། རིགས་སྣ་ཅུང་མང་པ་དང་། གཞས་མ་གཏམ་ལས་གཞན། གཟུགས་འདས་རིག་གནས་ཤུལ་བཞག་གི་རིགས་སྣ་ཆེན་པོ་བཅུའི་ཁྲོད་ཀྱི་རིགས་སྣ་དགུ་ལ་ཁེབས་པར་བྱས་ནས། གཟུགས་འདས་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་ལས་གཞིའི་མིང་ཐོ་མ་ལག་སྔར་ལས་ལེགས་བསྒྱུར་བྱས་པ་དང་། རང་ཞིང་གི་གཟུགས་འདས་རིག་གནས་སྲུང་སྐྱོབ་བྱ་བའི་རྨང་གཞི་ཇེ་བརྟན་དུ་བཏང་།

ཉིས་སྟོང་དྲུག་ལོའི་ཚུན་དུ། རང་ཞིང་གིས་གྲངས་ཚད་ལུགས་མཐུན་དང་གྲུབ་ཚུལ་བཟང་བའི་རིམ་པ་བཞི་བའི་གཟུགས་འདས་རིག་གནས་ཤུལ་བཞག་གི་མིང་ཐོའི་མ་ལག་བཙུགས་ལ། རིམ་པ་སོ་སོའི་གཟུགས་འདས་རིག་གནས་ཤུལ་བཞག་གི་མིང་ཐོའི་ལས་གཞི་སྟོང་གཉིས་དགུ་བརྒྱ་དང་བཞི་ལ་སླེབས་པ་དང་། དེའི་ཁྲོད་རྒྱལ་ཁབ་རིམ་པའི་གཟུགས་འདས་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་ལས་གཞི་གྱ་བརྒྱད་དང་། ཞིང་ཆེན་རིམ་པའི་གཟུགས་འདས་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་ལས་གཞི་སུམ་བརྒྱ་དང་སོ་ལྔ། གྲོང་ཁྱེར་དང་ཁུལ་རིམ་པའི་གཟུགས་འདས་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་ལས་གཞི་བརྒྱད་བརྒྱ་དང་བཞི་བཅུ། རྫོང་དང་ཆུའུ་རིམ་པའི་གཟུགས་འདས་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་ལས་གཞི་སྟོང་གཅིག་དང་དྲུག་བརྒྱ་ཞེ་གཅིག་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་དང་ཚན་རིག རིག་གནས་རྩ་འཛུགས་ཀྱི་མིའི་རིགས་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་མཚོན་བྱེད་རང་བཞིན་གྱི་ལས་གཞི་དྲུག་བཅས་འདུ།

རིན་ཆེན་མཚོས་བསྒྱུར།