མཚོ་སྔོན་གྱི་རིམ་པ་སོ་སོའི་ན་ཆུང་གདོང་ལེན་རུ་ཁག་བྱ་བའི་ཨུ་ཡོན་ལྷན་ཁང་གིས་ན་ཆུང་གདོང་ལེན་རུ་ཁག་སྤྱི་ཚོགས་ཅན་དུ་བསྒྱུར་བའི་བྱ་བའི་མ་ལག་འཛུགས་སྐྲུན་བྱས།
2023.02.27 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 37

ཟླ་གཉིས་པའི་ཚེས་ཉེར་གསུམ་ཉིན། གསར་འགོད་པས་གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཉེ་སྔོན། གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་སློབ་གསོ་ཐིན། ཞིང་ཆེན་ན་ཆུང་གདོང་ལེན་རུ་ཁག་བྱ་བའི་ཨུ་ཡོན་ལྷན་ཁང་བཅས་ཀྱིས་མཉམ་འབྲེལ་སྒོས་ཞིང་ཆེན་ཡོངས་ཀྱི་ན་ཆུང་གདོང་ལེན་རུ་ཁག་སྤྱི་ཚོགས་ཅན་དུ་བསྒྱུར་བའི་བྱ་བའི་ལོ་གསུམ་འགུལ་སྐྱོད་འཆར་གཞི་འགྲེམ་སྤེལ་བྱས་པ་དང་། འཆར་གཞི་དེ་ནི་ཀྲུང་གུང་ཀྲུང་དབྱང་གི་དུས་རབས་གསར་བའི་ན་ཆུང་གདོང་ལེན་རུ་ཁག་བྱ་བར་ཕྱོགས་ཡོངས་ནས་ཤུགས་སྣོན་པའི་སྐོར་གྱི་བསམ་འཆར་དང་མཚོ་སྔོན་ཞིང་ཆེན་གྱི་དུས་རབས་གསར་བའི་ན་ཆུང་གདོང་ལེན་རུ་ཁག་བྱ་བར་ཕྱོགས་ཡོངས་ནས་ཤུགས་སྣོན་པའི་སྐོར་གྱི་ལག་བསྟར་ཇུས་གཞི་ལག་ལེན་མཐར་ཕྱིན་བྱེད་པའི་བྱེད་ཐབས་གལ་ཆེན་ཡིན། མ་འོངས་པའི་ལོ་གསུམ་ནང། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ན་ཆུང་གདོང་ལེན་རུ་ཁག་བྱ་བའི་ཨུ་ཡོན་ལྷན་ཁང་གིས་ལོ་གཅིག་ལ་རྨང་གཞི་འདིང་བ་དང་ལོ་གཉིས་ལ་ཚད་ལྡན་དུ་བསྒྱུར་བར་སྐུལ་འདེད་གཏོང་བ། ལོ་གསུམ་ལ་མིང་རྟགས་གྲགས་ཅན་འཛུགས་སྐྲུན་བྱེད་པའི་བརྒྱུད་རིམ་ལྟར། ཞིང་ཆེན་ཡོངས་ཀྱི་ན་ཆུང་གདོང་ལེན་རུ་ཁག་སྤྱི་ཚོགས་ཅན་དུ་བསྒྱུར་བའི་བྱ་བར་སྐུལ་འདེད་གཏོང་རྒྱུ་རེད།

རྒྱུས་ལོན་བྱུང་བ་ལྟར་ན། ན་ནིང་གི་ཟླ་བརྒྱད་པའི་ནང་བསྡུས་པའི་རྒྱལ་ཡོངས་ན་ཆུང་གདོང་ལེན་རུ་ཁག་བྱ་བའི་ཨུ་ཡོན་ལྷན་ཁང་གི་སྐབས་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པས་གཙོ་བོར་ན་ཆུང་གདོང་ལེན་རུ་ཁག་སྤྱི་ཚོགས་ཅན་དུ་བསྒྱུར་བའི་བརྗོད་དོན་ལ་དམིགས་ནས། བྱེ་བྲག་གི་བྱ་བའི་དམིགས་འབེན་བཏོན། བྱ་བའི་རེ་བ་དེ་ལག་བསྟར་སྔར་ལས་བཟང་བོ་བྱེད་ཆེད། གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་ན་ཆུང་གདོང་ལེན་རུ་ཁག་བྱ་བའི་ཨུ་ཡོན་ལྷན་ཁང་གིས་འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་བྱས་ཏེ། གཙོ་བོར་ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་སྡེ་ཁག་མཉམ་འབྲེལ་མཉམ་ལས་ལེགས་སྒྱུར་བྱེད་པ། གུང་གཞོན་ཚོགས་པ་ཡོངས་ཀྱི་སྣེ་ཁྲིད་ལ་ཤུགས་སྣོན་པ། སློབ་རའི་ཕྱིའི་ན་ཆུང་གདོང་ལེན་རུ་ཁག་རྩ་འཛུགས་འཛུགས་སྐྲུན་བྱེད་པ། དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་སྣོན་པ་དུས་རིམ་ལྔའི་ཕྱོགས་ནས། རང་ཞིང་གི་ན་ཆུང་གདོང་ལེན་རུ་ཁག་སྤྱི་ཚོགས་ཅན་དུ་བསྒྱུར་བའི་བྱ་བའི་ཆུ་ཚད་མཐོར་འདེགས་བཏང་། ན་ཆུང་བྱིས་པའི་གང་ན་ཡོད་ན། རྩ་འཛུགས་དང་གཡུལ་ས་གང་ནས་འཛུགས་པའི་འདུ་ཤེས་ལྟར། ཐོག་མར་ཁོངས་གཏོགས་ས་ཁུལ་ནང་སློབ་གྲྭ་ཆུང་འབྲིང་ཡོད་པའི་གཞིས་ཁུལ་བརྒྱ་དང་ང་ལྔ་རུ་ན་ཆུང་གདོང་ལེན་རུ་ཁག་བྱ་བའི་ཨུ་ཡོན་ལྷན་ཁང་བཙུགས་པ་དང་། འཛུགས་སྐྲུན་བྱེད་ཚད་བརྒྱ་ཆའི་ཞེ་བརྒྱད་ལ་སླེབས། གུང་གཞོན་ཚོགས་པའི་ཁོངས་གཏོགས་ན་གཞོན་བྱིས་པའི་གླིང་བརྒྱད་ཡོངས་སུ་ན་ཆུང་གདོང་ལེན་རུ་ཁག་བྱ་བའི་ཨུ་ཡོན་ལྷན་ཁང་བཙུགས་ཏེ། ཕུལ་བྱུང་ཏང་ཡོན་དང་གུང་གཞོན་ཚོགས་མི་དང་ལས་རིགས་སོ་སོའི་སྔོན་ཐོན་མི་སྣ་སྟོང་བཞི་དང་སུམ་བརྒྱ་རེ་བདུན་ལ་སྐུལ་སློང་བྱས་ནས་ན་ཆུང་གདོང་ལེན་རུ་ཁག་གི་སློབ་ཕྱིའི་ཟུར་ཁྲིད་མི་སྣའི་འགན་ཁུར་དུ་བཅུག་པ་དང་། གཟའ་མཇུག་དང་དུས་ཆེན་བེད་སྤྱད་དེ། ན་ཆུང་གདོང་ལེན་རུ་མི་སྤྱི་ཚོགས་བཅོས་སྐྱོང་ཁྲོད་ཞུགས་སུ་འཇུག་རྒྱུ་དེ་བྱེད་ཐབས་སུ་བྱས་པ་དང་། འཕྲི་གཉིས་བྱ་བར་སྐུལ་འདེད་བཏང་། སློབ་ཆུང་སློབ་མའི་འགྲེལ་བཤད་པ་ཁྲི་གཉིས་དང་སྟོང་དགུ་ནང་དུ་འདུ་བའི་རྒྱ་ཆེའི་ན་ཆུང་གདོང་ལེན་རུ་མི་སློབ་གྲྭའི་ཕྱི་རུ་མངག་ནས་གསར་བརྗེའི་སློབ་གསོ་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ། མི་རིགས་སློབ་གསོ་སོགས་བརྗོད་དོན་དུ་བྱས་པའི་ན་ཆུང་བྱིས་པའི་སྤྱི་ཚོགས་ལག་ལེན་བྱ་འགུལ་ཐེངས་སྟོང་གཅིག་བརྒྱ་དང་བཞི་བཅུ་སྤེལ་སྤེལ་བ་དང་། ན་ཆུང་གདོང་ལེན་རུ་མི་འབུམ་གཅིག་ལྷག་དེའི་ཁྲོད་ཞུགས།

གོ་རིམ་རྗེས་མར། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ན་ཆུང་གདོང་ལེན་རུ་ཁག་བྱ་བའི་ཨུ་ཡོན་ལྷན་ཁང་གིས་འགན་སྒྲུབ་འདུ་ཤེས་དང་ཁག་ཁུར་འདུ་ཤེས། ལག་བསྟར་འདུ་ཤེས་སྔར་ལས་ཇེ་དྲག་ཏུ་བཏང་སྟེ། ན་ཆུང་གདོང་ལེན་རུ་ཁག་སྤྱི་ཚོགས་ཅན་དུ་བསྒྱུར་བའི་བྱ་བའི་ལོ་གསུམ་འགུལ་སྐྱོད་འཆར་གཞི་ལག་བསྟར་ནན་མོ་བྱེད་པར་ཁག་ཐེག་བྱེད་པ་དང་། སློབ་ཕྱི་དང་སློབ་གྲྭ་གཉིས་ཕན་ཚུན་ཁ་གསབ་ཏུ་བྱེད་པའི་ན་ཆུང་གདོང་ལེན་རུ་ཁག་གི་མི་སྐྱེད་སྲིང་མ་དཔེ་གསར་སྐྲུན་བྱེད་པ། ཐོན་ཁུངས་མཉམ་སྤྱོད་དང་མཐུན་སྦྱོར་མཉམ་འབྲེལ། བྱ་འགུལ་ཁ་གསབ་ཀྱི་སྤྱི་ཚོགས་ཅན་གྱི་བྱ་བའི་མ་ལག་བཙུགས་ནས། རུ་མི་ཡོངས་ཀྱིས་ལག་ལེན་ཁྲོད་བརྩོན་སེམས་ཆེར་བསྐྱེད་པ་དང་ནུས་པ་ཇེ་ཆེར་གཏོང་བར་སྣེ་ཁྲིད་བྱེད་རྒྱུ་རེད།

རིན་ཆེན་མཚོས་བསྒྱུར།