ཟླ་གཉིས་པའི་ཚེས་ཉེར་བདུན་ཉིན། ཞིང་ཆེན་ཡོངས་ཀྱི་སྨན་རྫས་ལྟ་སྐུལ་དོ་དམ་བྱ་བའི་གྲོས་ཚོགས་བསྡུས་པ་དང་། གྲོས་ཚོགས་སྟེང་ཉིས་སྟོང་ཉེར་གཉིས་ལོའི་བྱ་བར་སྤྱི་བསྡོམས་དང་། ཉིས་སྟོང་ཉེར་གསུམ་ལོའི་ལས་འགན་གཙོ་བོ་བཀོད་སྒྲིག་བྱས།
གྲོས་ཚོགས་སྟེང་བསྟན་དོན། ཉིས་སྟོང་ཉེར་གཉིས་ལོར། ཞིང་ཆེན་ཡོངས་ཀྱི་སྨན་རྫས་ལྟ་སྐུལ་དོ་དམ་མ་ལག་གིས་ཆེས་ནན་མོ་བཞིའི་ཆབ་སྲིད་བླང་བྱ་དངོས་འབེབས་གཏིང་ཟབ་དང་། དོ་དམ་གསུམ་དང་ངེས་པར་གསུམ་གྱི་ཆབ་སྲིད་འགན་འཁྲི་ནན་ཏན་གྱིས་ལག་བསྟར་བྱས་ལ། ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་གཏོང་བ་དང་། དཀྱིལ་སྙིང་ལ་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་རྒྱུན་འཁྱོངས་བྱས། བདེ་འཇགས་དང་འཕེལ་རྒྱས་ལ་གཅིག་གྱུར་འཆར་འགོད་དང་། ལྟ་སྐུལ་དོ་དམ་དང་ཞབས་ཞུ། གཙོ་འགན་གཙོ་སྒྲུབ། གནད་ཁེལ་ཇུས་བསྟར། སྨན་རྫས་བདེ་འཇགས་ཀྱི་ཆེད་དོན་བཅོས་སྐྱོང་དམ་ཞིང་ནུས་ཤུགས་ལྡན་པ། རིམས་ནད་སྔོན་འགོག་གི་ཞབས་ཞུ་འགན་སྲུང་ཁུར་ལེན་བྱེད་པ། སྨན་རྫས་ལྟ་སྐུལ་དོ་དམ་ནུས་པ་ཕན་ཡོན་མཐོ་རུ་གཏོང་བ། ཇུས་གཞི་བཏོན་ཏེ་སྨན་རྫས་ཐོན་ལས་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ། ཆབ་སྲིད་ལས་ཁུངས་འཛུགས་པར་ཕྱོགས་ཡོངས་ནས་ཤུགས་སྣོན་བྱེད་པ་བཅས་རྒྱུན་འཁྱོངས་བྱས་ཏེ། སྨན་རྫས་ལྟ་སྐུལ་དོ་དམ་བྱ་བའི་ལས་འགན་སྣ་ཚོགས་བདེ་ལེགས་ངང་ཡོངས་འགྲུབ་བྱས།
གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། ཉིས་སྟོང་ཉེར་གསུམ་ལོར། ཞིང་ཆེན་ཡོངས་ཀྱི་སྨན་རྫས་ལྟ་སྐུལ་མ་ལག་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟབ་ཟབ་མོ་བྱེད་པ་དང་། ཆེས་ནན་མོ་བཞིའི་ཆབ་སྲིད་བླང་བྱ་ལྟར། དོ་དམ་གསུམ་དང་ངེས་པར་གསུམ་གྱི་ཆབ་སྲིད་འགན་འཁྲི་ནན་ཏན་གྱིས་ལག་བསྟར་བྱེད་པ། རྒྱལ་ཁབ་སྨན་རྫས་ལྟ་སྐུལ་ཅུའུ་དང་མཚོ་སྔོན་ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུའུ་ཡིས་བཀོད་སྒྲིག་བྱས་པའི་བྱ་བའི་ལས་འགན་ཕྱོགས་ཡོངས་ནས་དངོས་འབེབས་བྱས་ཏེ། ཚད་མཐོའི་བསམ་བློ་ཇེ་དྲག་དང་། སྨན་རྫས་བདེ་འཇགས་ཀྱི་ཆེད་དོན་བཅོས་སྐྱོང་ཡུན་ཕན་ཅན་ལ་སྐུལ་འདེད་གཏོང་དགོས། གནས་བབ་ལས་འགན་ལ་དམིགས་ཏེ། དུས་རིམ་གསར་བའི་རིམས་ནད་སྔོན་འགོག་བྱ་བར་ཞབས་ཞུ་འགན་སྲུང་བྱེད་པ། སྔ་མོ་ནས་དམ་འཛིན་དང་དོན་ཆུང་ནས་དམ་འཛིན་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། ཉེན་ཁ་དང་འགོག་རྐྱེན་སེལ་བའི་སྟེང་མུ་མཐུད་དུ་ཤུགས་འདོན་དགོས། རྨང་གཞི་བརྟན་པོ་བཟོ་བར་ཤུགས་འདོན་པ་དང་ཁྲིམས་ལྟར་ལྟ་སྐུལ་དོ་དམ་བྱེད་པའི་ནུས་པ་དང་ཆུ་ཚད་ཇེ་མཐོར་གཏོང་དགོས། བཅོས་སྒྱུར་གསར་གཏོད་དང་། སྨན་རྫས་ཐོན་ལས་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་ཞབས་ཞུ་དང་རྒྱབ་སྐྱོར་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། ཆབ་སྲིད་གླེང་བ་དང་། ལྟ་སྐུལ་དོ་དམ་ཤུགས་དྲག་པ། བདེ་འཇགས་སྲུང་བ། འཕེལ་རྒྱས་ལ་སྐུལ་བ། དམངས་ཚིས་ལ་ཕན་བདེ་བསྐྲུན་པ་བཅས་ཀྱི་བྱ་བའི་རྣམ་འགྱུར་བཟུང་ནས། མི་དམངས་མང་ཚོགས་ཀྱི་སྨན་བཀོལ་བདེ་འཇགས་ལ་དངོས་སུ་འགན་སྲུང་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་སྐུལ་འདེད་གཏོང་བའི་མཚོ་སྔོན་གྱི་ལེའུ་འབྲི་བར་སྨན་རྫས་ལྟ་སྐུལ་གྱི་སྟོབས་ཤུགས་འབུལ་དགོས།
རིག་འཛིན་སྒྲོལ་མས་བསྒྱུར།