མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱིས་ལྗང་མདོག་འཕེལ་རྒྱས་ཀྱི་སྤུས་མཐོར་འགུལ་སྐྱོད་ལག་བསྟར་བྱས་ཏེ་རྒྱུན་མཐུད་སྒོས་སྐྱེ་ཁམས་ཁོར་ཡུག་ལེགས་སྒྱུར་བྱས་ཤིང་། ཁུལ་ཁོངས་ཡོངས་སུ་འགྱིག་ཤོག་གཏན་འགོག་དང་ཞིང་ལས་ཐད་ཀྱི་སྦགས་བཙོག་འགོག་བཅོས་བྱ་བར་གྲུབ་འབྲས་མངོན་གསལ་ཐོབ་པ་དང་། ཞིང་ལས་ལོ་ཏོག་གི་སོག་མའི་ཐོན་ཁུངས་ཕྱོགས་བསྡུས་བེད་སྤྱོད་བྱས་ཚད་དང་ཞིང་སའི་འགྱིག་ཤོག་གད་སྙིགས་དང་དེ་མིན་ཞིང་ཞོར་ཐོན་རྫས་ཀྱི་ཕྱི་ཐུམ་གད་སྙིགས་ཕྱིར་སྡུད་ཚད་ཆ་སྙོམས་སྒོས་བརྒྱ་ཆའི་དགུ་བཅུའི་ཡན་དུ་སླེབས་ཡོད་ལ། མཁའ་དབུགས་ཀྱི་སྤུས་ཚད་བཟང་བའི་ཉིན་གྲངས་ཀྱི་བསྡུར་ཚད་བརྒྱ་ཆའི་གོ་བདུན་ལྷག་ལ་སླེབས་ཡོད་པར་མ་ཟད། བཞུར་ཁོངས་གཙོ་བོའི་ཆུའི་སྤུས་ཚད་བརྒྱ་ཆའི་བརྒྱའི་དམིགས་ཚད་ལ་སླེབས་ཡོད།
ཉེ་བའི་ལོ་འགའི་རིང་ལ། མཚོ་བྱང་ཁུལ་ཁོངས་གཏོགས་ཀྱིས་སྐྱེ་ཁམས་སྲུང་སྐྱོབ་ལག་བསྟར་བྱས་ཤིང་། རྒྱལ་ཁོངས་བར་སྟོང་གི་འཆར་འགོད་སྒྲིག་ལུགས་ལ་མྱུར་དུ་སྐུལ་འདེད་བཏང་བ་དང་། རི་ཆུ་ནགས་གསུམ་དང་ཞིང་ མཚོ་རྩྭ་གསུམ་སོགས་ཀྱི་གཞི་གཅིག་ཅན་སྲུང་སྐྱོབ་དང་ཁོངས་གཏོགས་བཅོས་སྐྱོང་བྱ་བ་བཟང་བོར་སྒྲུབ་པ། རྒོ་དམར་སྲུང་སྐྱོབ་དང་མཚོ་སྔོན་པོའི་མཚོ་བཀག་ཉ་གསོ་སོགས་ཀྱི་སྲིད་ཇུས་ནུས་ལྡན་སྒོས་དངོས་འབེབས་བྱས་ཏེ། རྒྱལ་ནང་དུ་ཐོག་དང་པོར་གསའ་རང་བྱུང་ཁམས་དུ་བཏང་བར་འཁོར་སྐར་གྱི་ལམ་ནས་ལྟ་ཞིབ་ཚད་ལེན་བྱེད་པ་མངོན་འགྱུར་བྱུང་། དེ་དང་མཉམ་དུ་མུ་རི་གཏེར་ཁུལ་གྱི་སྤྱང་ཚང་གཏེར་ཁྲོན་དང་པོ་དང་དེ་མིན་མདོ་ལ་རིང་བོའི་ལྷོ་རྒྱུད་ཀྱི་མཚོ་བྱང་ཕྱོགས་ཀྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་དག་ཐེར་བཅོས་སྐྱོང་གི་སྲ་བརྟན་མཐོར་འདེགས་ལོའི་འགུལ་སྐྱོད་སྤེལ་བ་དང་། ས་ནག་བཅོས་སྐྱོང་བྱ་བར་ཞིང་ཆེན་རིམ་པའི་ཞིབ་བཤེར་ཚད་ལེན་དང་ཕྱོགས་གསུམ་པས་དཔྱད་འཇོག་བྱས་ཏེ་བྱ་བའི་གྲུབ་འབྲས་ལ་ཀྲུང་དབྱང་ཕྱིར་ལྟའི་བྱ་བའི་ཚན་ཁག་གི་ཁས་ལེན་ཐོབ།
བཀྲ་ཤིས་འབུམ་གྱིས་བསྒྱུར།