མཚོ་སྔོན་གྱིས་ད་ལོར་ནགས་ཚལ་ལ་དོ་སྣང་བྱེད་པའི་བྱ་འགུལ་རྒྱུན་མཐུད་དང་བདེ་ཐང་ངང་འཕེལ་རྒྱས་སུ་གཏོང་རྒྱུ་རེད།
2023.02.28 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 32

2023ལོར། མཚོ་སྔོན་གྱིས་ནགས་ཚལ་ལ་དོ་སྣང་བྱེད་པའི་བྱ་འགུལ་ཐད་ནས་བསམ་ཕྱོགས་གསར་གཏོད་བྱེད་པ་དང་། རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། ནང་དོན་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། ཚོང་རྟགས་མིང་གྲགས་ཅན་འཛུགས་སྐྲུན་བྱས་ནས། ནགས་ཚལ་ལ་དོ་སྣང་བྱེད་པའི་བྱ་འགུལ་རྒྱུན་མཐུད་དང་བདེ་ཐང་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་རྒྱུ་རེད།

རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་སྣེ་ཁྲིད་དུ་བྱེད་པ་དང་། ལྗང་མདོག་ཐཱན་དམའ་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་བ་དང་རྒྱལ་ཁོངས་བར་སྟོང་གསར་སྤེལ་སྲུང་སྐྱོབ་ཀྱི་རྣམ་པ་གསར་བ་བསྐྲུན་པ། སྐྱེ་དངོས་སྣ་མང་རང་བཞིན་གྱི་སྲུང་སྐྱོབ་ལ་ཤུགས་སྣོན་པ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཤུགས་སྣོན་པ་སོགས་ཀྱི་བརྗོད་གཞི་གལ་ཆེན་དང་། མི་དམངས་མང་ཚོགས་ཀྱི་ཁེ་ཕན་དང་འབྲེལ་བའི་ཁོར་ཡུག་སྲུང་སྐྱོབ་གནད་དོན་བཅས་ལ་དམིགས་ནས། ཐུན་མོང་གི་ལྟ་བ་གཅིག་ཏུ་བསྡུ་བ་དང་། གྲོས་མོལ་ཇུས་འདོན་བྱས་ཏེ། འབྲེལ་ཡོད་སྡེ་ཁག་གིས་མ་ལག་ཆ་ཚང་བའི་སྐྱེ་ཁམས་དཔལ་ཡོན་ལམ་ལུགས་དང་རྐྱེན་སྲོལ་མྱུར་དུ་་འཛུགས་སྐྲུན་བྱེད་པར་རོགས་འདེགས་བྱེད་རྒྱུ་རེད།

མཚོ་སྔོན་གྱི་ཁྱད་དུ་འཕགས་པའི་སྐྱེ་ཁམས་དགེ་མཚན་ལ་རྒྱབ་རྟེན་ནས། ནགས་ཚལ་དང་རྩྭ་ཐང་། བརླན་ས། རི་སྐྱེས་རི་དྭགས་ཐོན་ཁུངས་ལ་སྲུང་སྐྱོབ་བྱེད་པའི་སྒྲོག་འགྲེལ་བྱ་འགུལ་སྤེལ་བ་དང་། ནགས་ཚལ་ལ་དོ་སྣང་བྱེད་པ་གཞི་རིམ་དུ་རྒྱུན་བསྲིང་བའི་གསར་འགྱུར་བཅར་འདྲི་སོགས་ཆེད་དོན་བྱ་འགུལ་སྤེལ་ནས། རང་ཞིང་གི་ནགས་ཚལ་དང་རྩྭ་ཐང་། བརླན་སའི་སྲུང་སྐྱོབ་གྲུབ་འབྲས་དྲིལ་སྒྲོག་དང་འགྲེམ་སྟོན་བྱེད་པ་དང་། བཙོག་ཆུ་ཉུང་འདོན་དང་ཐོན་ཁུངས་གྲོན་ཆུང་སོགས་ཁྱབ་ཁོངས་ལ་དམིགས་ནས་བརྗོད་དོན་ལག་ལེན་བྱ་འགུལ་སྤེལ་རྒྱུ་རེད། རིགས་མི་འདྲ་བའི་རང་བྱུང་སྲུང་སྐྱོབ་ས་ཆ་རྒྱབ་རྟེན་དུ་བྱེད་པ་དང་། རྒྱལ་ཡོངས་ཀྱི་རེ་བ་ལྟར། མ་ཡུམ་ཆུ་བོར་སྲུང་སྐྱོབ་བྱེད་པའི་འགུལ་སྐྱོད་དང་འཕྲི་བ་གསུམ་དང་གྲོན་ཆུང་གཅིག་གི་བྱ་འགུལ་རྒྱུན་མཐུད་ངང་གཏིང་ཟབ་ཏུ་སྤེལ་བ། ན་གཞོན་ལོ་ཆུང་སྐྱེ་ཁམས་དཔལ་ཡོན་ལག་ལེན་ཁྲོད་ཞུགས་པར་སྣེ་ཁྲིད་བྱེད་པ་མ་ཟད། ན་གཞོན་ལོ་ཆུང་གི་རང་བྱུང་སློབ་གསོ་རྟེན་གཞི་དང་ལྗང་མདོག་སློབ་གྲྭའི་ཚོད་ལྟ་བྱེད་ས་བྱེད་ཐབས་སུ་བྱས་ཏེ། ན་གཞོན་ལོ་ཆུང་རྩ་འཛུགས་བྱས་ནས་སྐྱེ་ཁམས་སློབ་གསོའི་མྱོང་ཚོར་དང་སྐྱེ་ཁམས་སློབ་གསོའི་ཞིབ་འཇུག་སློབ་ཁྲིད་སོགས་བྱ་འགུལ་སྤེལ་རྒྱུ་རེད།

ནགས་རྩྭའི་བརྗོད་དོན་དུས་ཆེན་སོགས་དུས་རིམ་དང་དུས་ཚོད་གལ་ཆེན་ལ་དམིགས་ནས། ནགས་ཚལ་ལ་དོ་སྣང་བྱེད་པའི་བྱ་འགུལ་གྱི་དྲིལ་སྒྲོག་དང་གླེང་ཕྱོགས་ཀྱི་སྣེ་ཁྲིད་བཟང་བོར་བསྒྲུབ་པ་དང་། ཆེས་མཛེས་པའི་མུ་འབྲེལ་རིག་གནས་བརྩམས་ཆོས་བསྡུ་རུབ་འགྲེམ་སྟོན་བྱེད་པ། རྩོམ་པ་པོས་སྤྱི་གླིང་ལ་བལྟ་བའི་བརྗོད་དོན་འཚོལ་བསྡུ་སྤེལ་བྱེད་པ། རྒྱལ་ཁབ་སྤྱི་གླིང་ཞིང་ཆེན། རབ་མཛེས་མཚོ་སྔོན་སོགས་སྐྱེ་ཁམས་བརྗོད་བྱར་བྱས་པའི་ཆེད་སྒྲིག་བརྙན་རིས་ལེན་པ་དང་། ཆེད་མཁས་པ་དང་རིག་གནས་པ་རྩ་འཛུགས་བྱས་ནས་རང་བྱུང་སྲུང་སྐྱོབ་ས་ཆ་རུ་སོང་ནས་སྐྱེ་ཁམས་མ་ལག་གི་ཞིབ་འཇུག་སྤེལ་ནས། རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ཐད་རོགས་འདེགས་བྱེད་པ་དང་། རྒྱལ་ཁབ་སྤྱི་གླིང་འདུ་ཤེས་སྔར་ལས་བརྒྱུད་སྒྲོག་བྱེད་པ། སྤྱི་ཚོགས་ཡོངས་ཀྱིས་རང་བྱུང་སྐྱེ་ཁམས་ལ་སྲུང་སྐྱོབ་བྱེད་པའི་འདུ་ཤེས་ཇེ་མཐོར་གཏོང་རྒྱུ་རེད།

ནགས་ཚལ་ལ་དོ་སྣང་བྱེད་པའི་བྱ་འགུལ་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་བ་དང་། སྤྱི་ཚོགས་དེའི་ཁྲོད་ཞུགས་པའི་སྣང་ཚུལ་བཟང་བོ་བསྐྲུན་པ། མཐོ་རིམ་སློབ་གླིང་དང་ཚན་རིག་ཞིབ་འཇུག་ཁབ་སོགས་སྟོབས་ཤུགས་ལ་སྐུལ་སློང་གང་ལེགས་བྱེད་པ། རང་ཞིང་གི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་ནགས་ལས་རྩྭ་ཐང་འཕེལ་རྒྱས་སུ་གཏོང་འབི་གནད་དོན་གཙོ་བོར་དམིགས་ནས་བརྗོད་གཞི་གཙོ་བོའི་ཞིབ་འཇུག་དང་སློབ་སྦྱོང་བརྗེ་རེས་དང་བགྲོ་གླེང་བྱས་ནས། གཞུང་ལུགས་ཀྱི་གྲུབ་འབྲས་སྐོར་ཞིག་གྲུབ་པར་བྱེད་རྒྱུ་རེད། རིག་མཛོད་ཀྱི་སྟོབས་ཤུགས་ཆེར་སྐྱེད་པ་དང་། ཁྱབ་ཁོངས་སོ་སོའི་ཤན་ཤུགས་ཆེན་པོ་ལྡན་པའི་ཆེད་མཁས་པ་དང་རིག་གནས་པ་ཆེད་མཁས་པའི་མཛོད་དུ་འཇུག་པ། རང་བྱུང་སློབ་གསོའི་དང་བླངས་པའི་རྩལ་ནུས་གསོ་སྦྱོང་སྤེལ་ནས། བྱ་བ་ཚད་ལྡན་ཅན་དང་ལམ་ལུགས་ཅན། རྒྱུན་རྣམ་ཅན་དུ་བསྒྱུར་བར་སྐུལ་འདེད་གཏོང་རྒྱུ་རེད།

རིན་ཆེན་མཚོས་བསྒྱུར།