རང་ཞིང་གིས་ལའེ་ཧྥིན་ལ་སློབ་སྦྱོང་བྱེད་པའི་བྱ་འགུལ་སྤེལ་བའི་དཔེ་སྟོན་ལས་ཁུངས་དང་ལས་གནས་སུ་ལའེ་ཧྥིན་ལ་སློབ་སྦྱོང་བྱས་པའི་མིག་དཔེ་སྐོར་ཞིག་ལ་གཟེངས་བསྟོད་བྱས།
2023.02.28 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 54

མའོ་ཙེ་ཏུང་སོགས་གསར་བརྗེ་རྒན་རབས་པས་བློ་མཐུན་ལའེ་ཧྥིན་ལ་སློབ་སྦྱོང་བྱེད་དགོས་པའི་ཕྱག་བྲིས་གནང་ནས་ལོ་དྲུག་ཅུ་འགོར་བའི་སྐབས་འདིར། ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་དང་ཞིང་ཆེན་དཔལ་ཡོན་བྱ་བའི་གཞུང་སྒྲུབ་ཁང་གིས་རྒྱལ་ཁབ་གློག་དྲ་མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་ཟི་ཟི་ལིང་གློག་འདོན་ཀུང་ཟི་སོགས་ཐུན་མོང་བཅུ་ལ་མཚོ་སྔོན་ཞིང་ཆེན་གྱི་ལའེ་ཧྥིན་ལ་སློབ་སྦྱོང་བྱེད་པའི་བྱ་འགུལ་སྤེལ་བའི་དཔེ་སྟོན་ལས་ཁུངས་དང་ཡུས་ཞོ་ཧྲན་སོགས་བློ་མཐུན་བཅུ་ལ་མཚོ་སྔོན་ཞིང་ཆེན་གྱི་ལས་གནས་སུ་ལའེ་ཧྥིན་ལ་སློབ་སྦྱོང་བྱས་པའི་མིག་དཔེའི་མིང་བཏགས་ནས་གཟེངས་བསྟོད་བྱས།

ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་དང་ཞིང་ཆེན་དཔལ་ཡོན་བྱ་བའི་གཞུང་སྒྲུབ་ཁང་གིས་མིང་བཏགས་པའི་ཐུན་མོང་དང་མི་སྒེར་གྱིས་གཟི་བརྗིད་ལ་གཅེས་སྤྲས་དང་ཡར་འབད་བསྐྱར་འབད་བྱེད་པ་དང་། རང་གི་འགན་འཁྲི་ལ་རྐང་འཛུགས་པ། ལས་གནས་སུ་བྱས་རྗེས་འཇོག་དགོས་པར་མ་ཟད། དུས་དང་རྣམ་པ་ཀུན་ཏུ་ལའེ་ཧྥིན་གྱི་སྙིང་སྟོབས་རྒྱུན་འཛིན་བྱེད་མཁན་དང་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་དཔེ་སྟོན་ལག་ལེན་མཁན་བཟང་བོ་ཞིག་བྱེད་དགོས། ས་གནས་སོ་སོ་དང་ཁོངས་གཏོགས་སོ་སོས་ལའེ་ཧྥིན་ལ་སློབ་སྦྱོང་བྱེད་པའི་བྱ་འགུལ་སྤེལ་བའི་དཔེ་སྟོན་ལས་ཁུངས་དང་ལས་གནས་སུ་ལའེ་ཧྥིན་ལ་སློབ་སྦྱོང་བྱས་པའི་མིག་དཔེའི་མིང་བཏགས་པ་གོ་སྐབས་སུ་བཟུང་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ལའེ་ཧྥིན་སྙིང་སྟོབས་དར་སྤེལ་བཟང་བོ་བྱེད་པའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་ནན་མོ་བྱེད་པ་དང་། གཏན་ཕབ་གཉིས་ཀྱི་ཐག་ཆོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ། རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་ལེགས་པོར་སྒྲུབ་དགོས་པར་མ་ཟད། དུས་རབས་གསར་བའི་སྤྱི་དམངས་ཀྱི་ཀུན་སྤྱོད་འཛུགས་སྐྲུན་ལག་བསྟར་རྩ་གནད་དངོས་འབེབས་བཟང་བོ་བྱས་ཏེ། སྤྱི་དམངས་ཀྱི་ཀུན་སྤྱོད་འཛུགས་སྐྲུན་ལ་ཤུགས་སྣོན་ཞིང་སྤྱི་ཚོགས་ཡོངས་ཀྱི་ཀུན་སྤྱོད་ཆུ་ཚད་མཐོར་འདེགས་སུ་གཏོང་བ་དང་། ལའེ་ཧྥིན་སྙིང་སྟོབས་དང་བྱས་རྗེས་དང་མཛའ་བརྩེ། རོགས་རམ། ཡར་ཐོན་བཅས་ཀྱི་དང་བླངས་སྙིང་སྟོབས་དར་སྤེལ་བྱས་ནས། མི་རིགས་བསྐྱར་དར་གྱི་རླབས་ཆེན་ལས་འགན་ཁག་ཁུར་བྱེད་ཕོད་པའི་དུས་རབས་མི་གསར་སྐྱེད་སྲིང་བྱེད་དགོས། སྤྱི་ཚོགས་རིང་ལུགས་སྲོག་ཤིང་རིན་ཐང་ལྟ་བ་མཛུབ་སྟོན་དུ་བཟུང་སྟེ། སེམས་ཤུགས་གཅིག་སྒྲིལ་བྱེད་པ་དང་རྨང་གཞི་ཇེ་བརྟན་དང་གཞི་རྩ་སྲ་བརྟན་དུ་གཏོང་བ། དོན་དངོས་དང་དམ་པོར་སྦྲེལ་ཞིང་འཚོ་བ་དང་དམ་པོར་སྦྲེལ་བ་དང་མང་ཚོགས་དང་དམ་པོར་སྦྲེལ་བ་རྒྱུན་འཁྱོངས་བྱེད་དགོས་ལ། དྲིལ་སྒྲོག་སློབ་གསོ་དང་དཔེ་སྟོན་སྣེ་ཁྲིད། གོམས་སྲོལ་ཆགས་པ་བཅས་ཟུང་འབྲེལ་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། བྱ་བའི་ཤུགས་ཚད་སྲུང་འཛིན་བྱེད་པ་དང་བྱ་བའི་ཁྱབ་རྒྱ་ཇེ་ཆེར་གཏོང་བ། བྱ་བའི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་དགོས། ཏན་ཏན་ཏིག་ཏིག་སྒོས་ལས་གནས་སུ་ལའེ་ཧྥིན་ལ་སློབ་སྦྱོང་བྱེད་པའི་བྱ་འགུལ་སྤེལ་བ་དང་། ལའེ་ཧྥིན་ལ་སློབ་སྦྱོང་བྱེད་པའི་བྱ་འགུལ་དེ་རྒྱུན་རྣམ་ཅན་དང་རྐྱེན་སྲོལ་ཅན་དུ་འགྱུར་བར་སྐུལ་འདེད་བཏང་ནས། ལའེ་ཧྥིན་ལ་སློབ་སྦྱོང་བྱེད་པའི་བྱ་འགུལ་དེ་ཐོན་སྐྱེད་དང་འཚོ་བའི་ཕྱོགས་སོ་སོ་དང་མཉམ་བསྲེས་བྱེད་དགོས་པར་མ་ཟད། ཞིང་ཆེན་ཡོངས་ཀྱི་མི་དམངས་ཀྱིས་དོན་དངོས་ཀྱི་འགུལ་སྐྱོད་ལ་བརྟེན་ནས་དཀའ་སྤྱད་འབད་འཐབ་སྒོས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་འབྲི་དགོས་པའི་འབོད་སྐུལ་བཏང་།

                                                                                                               བཀྲ་ཤིས་འབུམ་གྱིས་བསྒྱུར།