ཟླ་གཉིས་པའི་ཚེས་ཉེར་བདུན་ཉིན། རྒྱལ་ཁབ་གློག་ཤུགས་དངུལ་གཏོང་སྡེ་ཚོགས་ཚད་ཡོད་ཀུང་ཟིའི་རྨ་ཆུའི་སྟོད་རྒྱུད་ཆུ་གློག་གསར་སྤེལ་ཚད་ཡོད་ཀུང་ཟི་རུ་འཕྲིན་བཟང་འབྱོར་བ་སྟེ། སྐབས་བདུན་པའི་ཀྲུང་གོའི་ཉི་གློག་ཐོན་ལས་གླེང་སྟེགས་སྟེང་དུ། རྨ་ཆུའི་སྟོད་རྒྱུད་ཆུ་གློག་གསར་སྤེལ་ཚད་ཡོད་ཀུང་ཟི་ལ་ཉིས་སྟོང་ཉེར་གཉིས་ལོའི་མི་རིགས་ཟོང་རྟགས་ཀྱི་བྱ་དགའ་ཐོབ་པ་དང་། རྨ་ཆུའི་སྟོད་རྒྱུད་ཆུ་གློག་གསར་སྤེལ་ཀུང་ཟིའི་སྤྱི་ཁྱབ་འགན་འཛིན་པ། ཏང་ཨུའི་ཧྲུའུ་ཅི་ཡའོ་ཞའོ་ཡན་ལ་ཉིས་སྟོང་ཉེར་གཉིས་ལོའི་ལྗང་མདོག་ནུས་ཁུངས་ཁེ་ལས་པའི་མཚན་སྙན་ཐོབ།
མཚོ་སྔོན་གྱི་རྒྱལ་ཁབ་ནུས་ཁུངས་གཙང་མའི་ཐོན་ལས་མཐོ་གནས་འཛུགས་སྐྲུན་བྱེད་པའི་དགེ་མཚན་ལ་བརྟེན་ནས། རྨ་ཆུའི་སྟོད་རྒྱུད་ཆུ་གློག་གསར་སྤེལ་ཀུང་ཟིས་ཉི་འོད་ལྗང་མདོག་འཁོར་སྐྱོད་ཀྱི་ཐོན་ལས་ཕྲེང་འབྲེལ་འཛུགས་སྐྲུན་བྱས་ནས། ཤེལ་མང་ཀུའེ་དང་ཉི་གློག་གློག་རྡེའུ་མ་ལག ཉི་གློག་ས་ཚིགས་འཛུགས་པ་བཅས་ནས་ཕྱིར་བསྡུ་བའི་གཅིག་བསྡུས་རང་བཞིན་གྱི་ཐོན་ལས་ཧྲིལ་བོའི་མུ་ཁྱུད་གྲུབ་པར་བྱས་ཏེ། འཛམ་གླིང་གི་ཆེས་ཆེ་བའི་ཉི་གློག་ཐོན་ལས་ར་བའི་ཁུལ་དང་། འཛམ་གླིང་གི་ཆེས་ཆེ་བའི་ཉི་འོད་གློག་འདོན་ས་ཚིགས་འཛུགས་སྐྲུན་བྱས་ནས། འཛམ་གླིང་སྟེང་ཆེས་ཆེ་བའི་ཉི་འོད་གློག་ནུས་དང་ནུས་ཁུངས་གསོག་འཇོག་གི་སྟེགས་བུ་ཐོག་མ་འཛུགས་སྐྲུན་བྱེད་པའི་ལས་འགན་ཡོངས་སུ་འགྲུབ་པ་དང་། ཉི་གློག་དང་ཆུ་གློག་གི་ནུས་ཁུངས་ཕན་ཚུན་གསབ་རེས་བྱེད་པའི་འཛམ་གླིང་གི་ཤོང་ཚད་ཆེས་ཆེ་བའི་གློག་འདོན་ས་ཚིགས་ཀྱི་ཅི་ཉི་སིའི་ཟིན་ཐོ་གསར་བ་བསྐྲུན་ཡོད་ལ། ནུས་ཤུགས་ཡོད་རྒུས་རང་ཞིང་དང་ཐ་ན་རྒྱལ་ནང་གི་ཉི་འོད་གློག་ནུས་ཐོན་ལས་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་ཆེན་པོ་བཏང་། མིག་སྔའི་བར་དུ། རྨ་ཆུའི་སྟོད་རྒྱུད་ཆུ་གློག་གསར་སྤེལ་ཀུང་ཟིའི་གློག་འདོན་འཕྲུལ་ཆས་ཀྱི་སྤྱིའི་ཤོང་ཚད་ཕལ་ཆེར་སྟོང་ཝ་བྱེ་བ་གཉིས་དང་ས་ཡ་གཅིག་འབུམ་བཞི་ཁྲི་གསུམ་སྟོང་བརྒྱད་དྲུག་བརྒྱ་ལ་སླེབས་ཡོད་ལ། དེའི་ཁྲོད་ཉི་འོད་ནུས་པའི་གློག་འདོན་གྱི་ཤོང་ཚད་དེ་སྟོང་ཝ་ས་ཡ་དགུ་དང་འབུམ་གསུམ་ཁྲི་གསུམ་སྟོང་དྲུག་དང་བརྒྱ་ལ་སླེབས་ཡོད་ཅིང་། དག་གཙང་ནུས་ཁུངས་སྒྲིག་ཆས་ཀྱི་ཟིན་ཚད་བརྒྱ་ཆའི་གོ་གཅིག་ལ་སླེབས་ཡོད།
སྐལ་བཟང་རྣམ་རྒྱལ་གྱིས་བསྒྱུར།