གསར་འགོད་པས་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་དོ་དམ་ཅུའུ་ནས་རྒྱུས་ལོན་བྱུང་པ་ལྟར་ན། ཀྲུང་གོ་རྒྱལ་ཁབ་ས་ཁམས་ཀྱིས་གཙོ་སྒྲུབ་བྱས་པའི་ཉིས་སྟོང་ཉེར་གཉིས་ལོའི་ཀྲུང་གོ་རི་སྐྱེས་སྐྱེ་དངོས་བརྙན་པར་གྱི་ལོ་ཧྲིལ་བོའི་འགྲན་སྡུར་གྱི་བྱ་དགའ་སྟེར་བའི་མཛད་སྒོའི་གནས་ཚུལ་དྲ་ལམ་དུ་བསྒྲགས། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་དང་། མཚོ་སྔོན་ཞིང་ཆེན་མདོ་ལ་རི་བོའི་རང་བྱུང་སྲུང་སྐྱོབ་མཐུན་ཚོགས་བར་དུ་གན་རྒྱ་བཞག་པའི་བརྙན་ལེན་པ་ཐུང་ཧེ་ཡོན་གྱི་བརྩམས་ཆོས《འཐབ་ཐེངས་ཐོག་མ》ཞེས་པར་འོ་འཐུང་སྲོག་ཆགས་ཚན་ཁག་གི་བྱ་དགའ་རྩེ་གྲ་ཐོབ། ཏིན་ལེང་མེན་གྱི་བརྩམས་ཆོས《རྐྱང》ཞེས་པར་འོ་འཐུང་སྲོག་ཆགས་ཚན་ཁག་གི་ཕུལ་བྱུང་བྱ་དགའ་ཐོབ། པའོ་ཡུང་ཆིན་དང་ཁོའི་ཚོགས་ཁག་གི་བརྩམས་ཆོས《གངས་རིའི་འབོད་པ་ཞེས་པར་བརྙན་ཐུང་ཚན་ཁག་གི་བརྙན་ལེན་ལེགས་གྲས་ཀྱི་བྱ་དགའ་ཐོབ་ལ། 《སྤྲིན་ཐོག་གི་བྱི་ལ》ཞེས་པའི་བརྩམས་ཆོས་ལ་བརྙན་ཐུང་ཚན་ཁག་ཁྲོད་ཀྱི་རི་སྐྱེས་སྲོག་ཆགས་སྐོར་གྱི་མིང་འདོན་བྱ་དགའ་ཐོབ།
སྐལ་བཟང་རྣམ་རྒྱལ་གྱིས་བསྒྱུར།