ཚ་འདམ་གཞོང་གི་འཕང་འབྲས་ཀྱི་རིན་ཐང་སྒོར་ཐེར་འབུམ་དགུ་དང་དུང་ཕྱུར་གཉིས་ལ་སླེབས་ཤིང་། ཐོན་རྫས་རྒྱལ་ཁབ་དང་ས་ཁུལ་སུམ་ཅུ་ལྷག་ལ་ཕྱིར་འཚོང་བྱས།
2023.03.01 ཁུངས། ཀློག་གྲངས། 21

ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའུ་ནས་འབྱོར་བའི་གནས་ཚུལ་ལྟར་ན། རང་ཞིང་གི་ནགས་རྩྭ་ཅུའུ་ཡིས་ཀྲུང་གོའི་སྐྱེ་ལྡན་འཕང་འབྲས་ཐོན་ལས་ཀྱི་དཔེར་སྟོན་ཁུལ་འཛུགས་སྐྲུན་བྱེད་པའི་དམིགས་ཚད་ལྟར། སྐྱེ་ཁམས་ལེགས་ཆ་དང་ལྗང་མདོག་ཐཱན་དམའི་འཕེལ་རྒྱས་ཁ་ཕྱོགས་སུ་བཟུང་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུ་ཧུར་ཐག་གིས་འཚོལ་ཞིབ་བྱས་ནས། འཕང་འབྲས་ཐོན་ལས་ཀྱི་སྐྱེ་ཁམས་དང་དཔལ་འབྱོར། སྤྱི་ཚོགས་ཕན་འབྲས་བཅས་མངོན་གསལ་གྱིས་ཇེ་ལེགས་སུ་ཕྱིན་ཏེ། འཕང་འབྲས་ཐོན་ལས་དེ་རིམ་གྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུ་རུ་བསྐྱོད་ཐུབ་པ་བྱུང་ཡོད། མིག་སྔའི་བར་དུ། མཚོ་སྔོན་ཚ་འདམ་གཞོང་གི་འཕང་འབྲས་ཐོན་རྫས་མིང་གྲགས་ཀྱི་ཚད་དེ་རྒྱལ་ཡོངས་ཐོན་རྫས་མིང་གྲགས་ཅན་གྱི་མིང་ཐོའི་ཁྲོད་ཨང་ཞེ་གཉིས་པ་ཟིན་ཡོད་ལ། ཐོན་རྫས་ཀྱི་སྤུས་ལེགས་ཚད་བརྒྱད་བརྒྱ་དང་ཞེ་ལྔ་ལ་སླེབས་ཤིང་། རིན་ཐང་སྒོར་ཐེར་འབུམ་དགུ་དང་དུང་ཕྱུར་གཉིས་བྱེ་བ་ལྔ་རུ་སླེབས་ཡོད། སྐལ་བཟང་རྣམ་རྒྱལ་གྱིས་བསྒྱུར།