མཚོ་ནུབ་ཁུལ་གྱིས་དཔྱིད་རྨོའི་གྲ་སྒྲིག་གི་དངོས་ཟོག་གྲབས་གསོག་ལ་ཤུགས་བསྣན།
2023.03.07 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 29

ཉེ་ལམ། གསར་འགོད་པས་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་མཁོ་འཚོང་ཁང་ནས་ཤེས་རྟོགས་བྱུང་བ་ལྟར་ན།  ད་ལོའི་ཟླ་དང་པོ་ནས་བཟུང་མཚོ་ནུབ་ཁུལ་གྱིས་སྔ་མོ་ནས་དཔྱིད་རྨོའི་གྲ་སྒྲིག་ལས་ཀར་སྐུལ་འདེད་གཏོང་བར་བཀོད་སྒྲིག་དང་། དཔྱིད་རྨོ་གྲ་སྒྲིག་ཞིང་ལས་རྒྱུ་ཆའི་སྒྲིག་སྦྱོར་དང་གསོག་འཇོག་བྱེད་ཤུགས་ཆེ་རུ་བཏང་སྟེ་ནུས་ཤུགས་ཡོད་རྒུས་དཔྱིད་རྨོ་གྲ་སྒྲིག་ཞིང་ལས་རྒྱུ་ཆའི་མཁོ་སྤྲོད་འགན་ལེན་བྱས་ནས་ལོ་ཧྲིལ་པོའི་དམིགས་ཚད་ལས་འགན་གྲུབ་པར་འགོ་བཟང་བོ་བརྩམས།

 དཔྱིད་རྨོ་ཐོན་སྐྱེད་ཀྱི་དམག་འཐབ་དང་པོ་ཡག་པོར་རྒྱག་དགོས་ན་ཞིང་ལས་རྒྱུ་ཆགསོག་འཇོག་བྱ་རྒྱུ་ནི་གནད་འགག་ཡིན་ལ། མཚོ་ནུབ་ཁུལ་གྱི་རིམ་པ་སོ་སོའི་མཁོ་འཚོང་ཁང་གིས་ཞིང་ལས་རྒྱུ་ཆ་ཁེ་ལས་ཀྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱས་ཏེ། ཞིང་ལས་རྒྱུ་ཆའི་ཡོང་ཁུངས་དང་དྲ་རྒྱ། སྤུས་ཚད། ཞབས་ཞུ་བཅས་དམ་འཛིན་བྱས་ནས་ཚོང་རའི་མཁོ་འདོན་འགན་ལེན་བྱེད་པ་དང་། དཔྱིད་རྨོ་གྲ་སྒྲིག་གི་ཞིང་ལས་ཐོན་སྐྱེད་བདེ་བླག་ངང་སྤེལ་རྒྱུར་འགན་ལེན་བྱས་ཏེ། བྲིན་ཁ་རྒྱུག་པའི་ཞིང་ལས་རྒྱུ་ཆ་སྒྲིག་འཛུགས་བྱས་ནས་དཔྱིད་རྨོ་གྲ་སྒྲིག་སྐབས་མཁོ་བའི་དངོས་རྫས་མཁོ་འདོན་འདང་ངེས་དང་ཞབས་ཞུ་ལེགས་པོ་ཞིག་བསྒྲུབས་པར་ཁག་ཐེག་བྱས། 

ད་ལྟའི་བར་མཚོ་ནུབ་ཁུལ་མཁོ་འཚོང་ཁང་ཁོངས་གཏོགས་ཀྱིས་རིམ་རྩིས་བྱས་ན་སྤུས་ལེགས་ལུད་རྫས་རིགས་སོ་སོ་ཏུན75855གྲབས་གསོག་བྱས་པ་དང་། དེའི་ནང་སྐྱེ་ལྡན་ལུད་ཏུན་72390གསོག་པ་དང་སྐྱེ་མེད་ལུད་རྫས་ཏུན་3476གྲབས་གསོག་བྱས་ལ། ཞིང་ལས་སྨན་རྫས་ཏུན་525དང་ཞིང་སྤྱོད་འགྱིག་ཤོག་ཏུན31གྲབས་གསོག་བྱས་པ་དང་། སྤུས་ལེགས་ས་བོན་ཏུན 2535གྲབས་གསོག་བྱས་པ་དང་ཞིང་ལས་འཕྲུལ་ཆས་སྒྲིག་ཆས་ཆ་ཚང 40བཀོད་སྒྲིག་བྱས།

དུས་མཚུངས་སུ་གལ་ཆེའི་དུས་སྐབས་སུ་ཞིང་ལས་ཚོང་རའི་མཁོ་འདོན་དང་རིན་གོང་འགྱུར་ལྡོག་ལ་རྟོག་ཞིབ་དང་སྔོན་དཔག ཉེན་ཟོན་ཆེ་རུ་གཏོང་བ་དང་། རིན་གོང་བརྟན་པོ་ཡོང་བའི་ལས་ཀ་ལེགས་པར་བསྒྲུབ།  མིག་སྔར་ཁོངས་གཏོགས་ཡོངས་ཀྱི་ཞིང་རྫས་མཛོད་ཉར་ཚོང་ཟོག་ཡོང་ཁུངས་འདང་ངེས་ཡོད་ལ། གང་འདོད་དུ་སྐོང་འཐེན་དང་ནང་འདྲེན་བྱས་ཆོག་པས་ཞིང་ལས་ཐོན་སྐྱེད་ཀྱི་དགོས་མཁོ་འགན་སྲུང་བྱེད་ཐུབ།

བཀྲ་ཤིས་ལྷ་མོས་བསྒྱུར། (དངོས་སྦྱོང་སློབ་མ།)