ཉེ་ལམ། གསར་འགོད་པས་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་མི་དམངས་ཁྲིམས་ཁང་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་བསྡུས་ནས་རྒྱལ་ཡོངས་ཁྲིམས་ཁང་གི་གཅིག་འཐུས་རྣམ་པའི་འཛུགས་སྐྲུན་གྱི་ཕུལ་བྱུང་སྒྱུར་བཅོས་གསར་གཏོད་ཀྱི་གྲུབ་འབྲས་ཁྱབ་བསྒྲགས་བྱས། དེའི་ནང་རྨ་སྟོད་རྫོང་མི་དམངས་ཁྲིམས་ཁང་གི་གཅེན་གཅུང་མཚོ་འདུམ་འགྲིག་ཁང་གིས་ལེགས་སྒྲིག་ལས་སྟེགས་གྲོང་གསེབ་དང་སྡེ་ཁུལ། དྲ་རྒྱ་བཅས་སུ་ཁྱབ་གདལ་བཏང་བར་རྒྱལ་ཡོངས་ཁྲིམས་ཁང་གི་ཁྱད་ཆོས་ཆེན་པོ་བཅུ་ལྡན་པའི་གཅིག་འཐུས་རྣམ་པའི་འཛུགས་སྐྲུན་གྱི་སྒྱུར་བཅོས་གསར་གཏོད་ཀྱི་གྲུབ་འབྲས་གསར་བ་ཐོབ།
2019ལོར་མི་དམངས་ཁྲིམས་ཁང་གི་གཅིག་འཐུས་རྣམ་པའི་འཛུགས་སྐྲུན་ལག་བསྟར་བྱས་རྗེས།རྨ་སྟོད་རྫོང་མི་དམངས་ཁྲིམས་ཁང་གིས་ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་དམངས་བདེ་དམངས་ཕན་གྱི་བྱེད་ཐབས་གསར་པ་ཧུར་ཐག་གིས་བཏོད་ཡོད། ལས་སྟེགས་སྙོམ་སྒྲིག་བྱེད་པ་འདེགས་སྐྱོར་དུ་བྱེད་པ་དང་། སྐོར་སྐྱོད་ཁྲིམས་ར་མདུན་གྱི་བཙན་རྫོང་བྱེད་པ་རྒྱུན་འཁྱོངས་བྱས། གཅེན་གཅུང་མཚོ་སྙོམ་སྒྲིག་ཁང་མི་དམངས་ཁྲིམས་ཁང་གི་འདུམ་སྒྲིག་ལས་སྟེགས་འབྲོག་ཁུལ་དང་སྡེ་ཁུལ། དྲ་རྒྱ་བཅས་སུ་ཁྱབ་བརྡལ་གདལ་དུ་གཏོང་པའི་བྱ་བ་ཁྱོན་ཡོངས་ནས་སྤེལ་བ་དང་། སྐོར་སྐྱོད་ཁྲིམས་ར་དང་གཞི་རིམ་གྱི་འབྲོག་པ་མང་ཚོགས་སྔར་བས་མང་བ་ཞིག་གིས་དྲ་ཐོག་ནས་འབྲེལ་མཐུད་བྱས་ཏེ་ཁྲིམས་སྐྱོང་སྟོབས་ཤུགས་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་གི་འབྲེལ་ཐག་ཧྲིལ་པོ་དང་ལྷུ་ཚིགས་ཁག་ཏུ་འདྲེས་པར་བྱས་ནས་དྲ་ཐོག་ནས་འགལ་བ་གྲལ་བཤེར་དང་དམངས་འདོད་སྤེལ་རེས། རང་སར་འདུམ་གཅོད། བརྙན་ལམ་འདུམ་སྒྲིག གྱོད་དོན་ཐོ་འགོད་དང་འདྲི་གཅོད་སོགས་ཀྱི་བྱ་བ་སྤེལ། མི་དམངས་མང་ཚོགས་ཀྱི་སྣེ་མང་ཅན་གྱི་ཁྲིམས་འཛིན་དགོས་མཁོ་སྐོང་བ་དང་མི་དམངས་མང་ཚོགས་ཀྱི་དཀའ་ངལ་ཇེ་ཡང་དུ་ཆེས་ཆེར་བཏང་ནས་མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་སྐྱིད་ཚོར། བདེ་ཚོར་བཅས་ཕྱོགས་ཡོངས་ནས་མཐོ་འདེགས་བཏང་།
ཚེ་རིང་ཆོས་མཚོས་བསྒྱུར། (དངོས་སྦྱོང་སློབ་མ།)